ཨུ་རུ་སུར་བུ་མོ་རྒྱགས་པའི་མཛེས་མ་འགྲན་བསྡུར།

0
568

ཨུ་རུ་སུ། མོ་སི་ཁོ། སྤྱི་ལོ་2017ཟླ་3ཚེས་13ཉིན། མདང་དགོང་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་གསལ། ད་སྐབས་ཨུ་རུ་སུའི་ནང་དུ་བུ་མོ་རྒྱགས་པ་རྣམས་ཀྱི་ཆེད་དུ་རྒྱལ་ཡོངས་མཛེས་མ་འགྲན་བསྡུར་(Beauty Contest)ཞིག་གོ་སྒྲིག་ཞུས་ཡོད་པ་རེད་འདུག བུ་མོ་རྒྱགས་པའི་མཛེས་མ་འགྲན་བསྡུར་དེ་བཞིན་ད་ལོ་སྐབས་གཉིས་པ་དེ་ཉིད་འཚོག་བཞིན་ཡོད་པ་དང་། ཐེངས་དང་པོ་དེ་ཉིད་ན་ནིང་ཚོགས་ཡོད་པར་བརྗོད། འགྲན་བསྡུར་དེའི་གོ་སྒྲིག་པ་ནི་གྱོན་གོས་དཔེ་སྟོན་པའི་འབྲེལ་མཐུད་ཚོགས་པ་(SibPlus)ཞེས་པ་དེ་ཉིད་རེད་འདུག

བུ་མོ་རྒྱགས་པའི་མཛེས་མ་འགྲན་བསྡུར་གྱི་སྦྱོང་བརྡར་སྐབས།#་Krasnoyarsk, Russia

ད་སྐབས་ཁ་བའི་བུ་ཡུག་ཁྲོད་ཀྱི་ཨུ་རུ་སུའི་ལྷོ་ཁུལ་གྲོང་ཁྱེར་ཁེ་ར་སོ་ནོ་ཡག་སི་(Krasnoyarsk)ཞེས་པའི་ནང་དུ་བུ་མོ་རྒྱགས་པའི་མཛེས་མ་འགྲན་བསྡུར་གྱི་མཉམ་ཞུགས་པ་རྣམས། འཁྲུག་ཆ་དོད་པའི་འགྲན་རྩོད་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཁོང་ཅག་གི་འགྲན་བསྡུར་ནང་ཞབས་བྲོ་དང་། ཆུ་རས་གྱོན་པའི་གཟུགས་མཛེས་འགྲན་བསྡུར། སྒེག་ཉམས་གོམ་བགྲོད། ད་དུང་། དྲག་རྩལ་འགྲན་བསྡུར་གྱི་སྦྱོང་བརྡར་ཡང་བྱེད་བཞིན་ཡོད་སྐོར་བརྗོད།

བུ་མོ་རྒྱགས་པའི་མཛེས་མ་འགྲན་བསྡུར་གྱི་མཉམ་ཞུགས་པ་དང་གྱོན་གོས་དཔེ་སྟོན་པ།

རང་ལོ་ཉེར་ལྔར་སོན་པའི་སྐབས་དང་པོའི་བུ་མོ་རྒྱགས་པའི་མཛེས་མ་འགྲན་བསྡུར་གྱི་རྒྱལ་ཁ་བླངས་མཁན་སྲས་མོ་ཨོལ་གྷ་(Olga Olesnitskaya)ལགས་ཀྱིས་བརྗོད་དོན། “ང་ཚོས་ད་ལྟའི་དར་ཁྱབ་ཆེ་བའི་ཆེས་ཚད་ལྡན་གྱི་འགྲན་རྩོད་ཁག་ལ་ཁ་གཏད་ཆོག་གི་མེད་མོད། ང་ཚོ་རང་ཉིད་ཀྱི་བུད་མེད་ཀྱི་མོ་ཉམས་སྟོན་འདོད་ཡོད། ང་ཚོ་ཡང་གཞན་གྱིས་མཛེས་མར་མཐོང་ན་བསམ་གྱི་ཡོད།”ཅེས་བརྗོད་འདུག

འགྲན་ཞུགས་པ་རྣམས་སྒེག་ཉམས་གོམ་བགྲོད་སྦྱོང་བརྡར་བྱེད་བཞིན་པ།

ན་ནིང་གི་འགྲན་ཞུགས་ཨོག་ལེན་པི་ཝང་དཀྲོལ་ལེན་པ་(Violinist)ལྕམ་ཨེ་ལེག་སེན་རྡ་ར་(Aleksandra)ལགས་ཀྱིས་བརྗོད་རྒྱུར། “འགྲན་བསྡུར་དེའི་ནང་དུ་ཞུགས་ནས་རང་ཉིད་ཀྱི་རང་མཐོང་ཆེ་རུ་སོང་ཞིང་། རང་གིས་རང་ཉིད་ལ་ཡིད་རྟོན་བྱེད་ཤུགས་ཡང་མཐོ་རུ་སོང་འདུག མ་ཟད། སོ་སོས་སོ་སོར་སྐུལ་ལྕག་གཏོང་རྒྱུར་ཧ་ཅང་ཕན་ཐོགས་བྱུང་། རང་ཉིད་ཨ་མར་གྱུར་བའི་རྗེས་སུ་གཟུགས་བྱད་ལ་དོ་སྣང་ཡོལ་བས། རིམ་གྱིས་ལུས་ཤ་རྒྱས་ཏེ་གཟུགས་པོ་གཞན་ལ་སྟོན་རྒྱུར་འཚེར་སྣང་སྐྱེས་དགོས་པ་ཞིག་ཆགས་སོང་། འོན་ཀྱང་། འགྲན་བསྡུར་དེའི་རྗེས་སུ་ངའི་ཞེད་སྣང་དང་འཚེར་སྣང་ཚང་མ་ཡལ་སོང་།”ཞེས་བརྗོད་འདུག

ཚོགས་པ་དེ་གའི་བུ་མོ་རྒྱགས་པའི་གྱོན་གོས་དཔེ་སྟོན་པ།

                                            པདྨའི་དབུ་རྒྱན།
                                                              ཡེ་ཤུའི་འཁྲུངས་སྐར་དང་དགུན་ཁ།
                                                                  ངལ་དུབ་ཆེ་བའི་མཚན་མོ།
                                                  འགྲན་རྩོད་ཀྱི་མཛད་སྒོའི་བརྡ་ཁྱབ་པར་ལེན་ས་ཡུལ་དུ།
                                                               དཀར་ནག་བསྲེས་པའི་གཟི་བརྗིད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།