ཨི་རན་དང་ཨི་ཛི་རལ་གྱི་དམག་འཁྲུག་དངོས་སུ་འགོ་བཙུགས་པ། ཐད་སྤེལ།

0
2421
ཨི་ཛི་རལ་གྱིས་ཨི་རན་ལ་དྲག་རྒོལ་ལན་འདེབས་དྲག་རྒོལ་སྤེལ་བའི་ཁྲོད་ཨི་རན་གྱི་དམག་མི་གྲངས་23དམར་གསོད་ཕྱིན་ཡོད་པའི་གནས་ཚུལ་ཐོན།#The Israeli airstrike on Syria killed at least 23 fighters, including five Syrian government troops and 18 other allied forces, AFP reported.

ཨི་ཛི་རལ། ཇུ་རུ་ས་ལམ། སྤྱི་ལོ་2018ཟླ་5ཚེས་10ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་བྷི་བྷི་སི་BBCགསར་ཁང་གཙོས་གསར་ཁང་ཆེ་གྲས་ཕལ་མོ་ཆེས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། ཨི་ཛི་རལ་གཞུང་གིས་འགྲེལ་བརྗོད་བྱས་དོན་ལྟར་ན་དེ་རིང་ཡུལ་དེ་གའི་རེས་གཟའ་ཕུར་བུའི་ཞོགས་པར། ལོ་རྒྱུས་ཐོག་ཨི་རན་གྱིས་ཐད་ཀར་ཨི་ཛི་རལ་གྱི་དམག་མིར་དྲག་རྒོལ་སྤེལ་བའི་གནས་ཚུལ་ཆེས་ཐོག་མར་བྱུང་ཞིང་། དེ་ཡང་ཨི་རན་གཞུང་དམག་གིས་སེ་རི་ཡའི་མངའ་ཁུལ་དུ་ཡོད་པའི་ཨི་ཛི་རལ་གྱི་དམག་སྒར་ཐོག་ཁྱོན་མེ་ཤུགས་འཕུར་མདའ་20ལྷག་འཕངས་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་དེ་རིང་སྔ་དྲོ་མངའ་ཁུལ་དེའི་ཉེ་འཁོར་དུ་མཁའ་དམག་གནམ་གྲུའི་སྐད་སྒྲ་དང་། འབར་གས་ཀྱི་གས་སྒྲ། མཁའ་དམག་འགོག་རྒོལ་འཕུར་མདའི་སྒྲ་རླབས་སོགས་ཀྱིས་ཁེངས་ཏེ་གནས་སྐབས་རིང་ཉེ་འཁོར་ཡོངས་སུ་ཛ་དྲག་གི་གནས་བབ་ཏུ་བསྐྱལ་བའི་གནས་ཚུལ་ཐོན་འདུག

ཨི་ཛི་རལ་གཞུང་དམག་ལྷན་ཚོགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་དོན།“ཨི་རན་གྱིས་འཕངས་པའི་མེ་ཤུགས་འཕུར་མདའ་དུ་མ་ཞིག་ང་ཚོའི་འཕུར་མདའ་སྔོན་འགོག་བདེ་སྲུང་འཕྲུལ་ཆས་ཀྱིས་གཏོར་རྒོལ་བཏང་ཡོད། དེ་ནི་ནམ་མཁར་མེ་ཤུགས་འཕུར་མདའ་འཐོར་ཤུལ་གྱི་མེ་སྟག་གང་སར་འཐོར་བ་དག་ལས་ཤེས་ཐུབ། མ་ཟད། ཁོང་ཚོའི་དྲག་རྒོལ་དེ་དག་ལས་ང་ཚོའི་དམག་མི་རྐང་གཅིག་ལའང་རྨས་སྐྱོན་ཕོག་མེད།”ཅེས་བརྗོད་འདུག ཨི་རན་གྱི་བྱ་སྤྱོད་དེའི་ལན་དུ་ཨི་ཛི་རལ་གྱིས་ལམ་སེང་ཕྱིར་རྒོལ་ལན་བསློགས་ཡོད་པའི་གནས་ཚུལ་གསལ་ཞིང་། ད་ལྟའི་ཆར་ཤེས་རྟོགས་བྱུང་བར་གཞིགས་ན་སེ་རི་ཡའི་ཁུལ་དུ་ཡོད་པའི་ཨི་རན་གྱི་དམག་སྒར་ཡོད་དོ་ཅོག་ལ་ཨི་ཛི་རལ་གྱིས་འཕུར་མདའི་དྲག་རྒོལ་སྤེལ་བའི་གནས་ཚུལ་བརྗོད་བཞིན་འདུག

ཨི་ཛི་རལ་གྱིས་སེ་རི་ཡའི་ནང་ཡོད་ཨི་རན་གྱི་དམག་ཁུལ་ས་གནས་སུ་འཕུར་མདའི་དྲག་རྒོལ་བཞིན་པ། ཨི་ཛི་རལ་གྱི་འཕུར་མདའི་དམིགས་འབེན་ནི་ཨི་རན་གྱི་དམག་ཁུལ་མཛོད་ཁང་དང་།གསང་བའི་ལས་གནས། འགྲུལ་སྐྱེལ་སོགས་ཡིན་པར་བརྗོད།#The information has not been confirmed yet. Targets of the Israeli forces have allegedly included weapons storage facilities, logistical sites and intelligence centers utilized by elite Iranian forces in Syria.

གནས་ཚུལ་དེའི་ཐད་ཨི་ཛི་རལ་གཞུང་དམག་མགྲིན་ཚབ་པས་འགྲེལ་བརྗོད་བྱས་དོན།“ང་ཚོས་ཨི་རན་གྱི་བྱེད་སྟངས་ལ་ལན་འདེབས་ཁ་གསལ་བྱས་ཡོད། མདོར་ན་སེ་རི་ཡའི་མངའ་ཁུལ་དུ་ཡོད་པའི་ཨི་རན་གྱི་དམག་སྒར་ཚང་མར་དྲག་རྒོལ་གྱི་བརྡ་ལན་གསལ་པོ་རེ་སྤྲད་ཡོད།”ཅེས་བརྗོད་འདུག གནས་ཚུལ་དེ་དག་ཡོངས་ཀྱི་ཐད་ད་ལྟ་ཨི་རན་གཞུང་གིས་དམིགས་བསལ་ལན་འདེབས་ཅི་ཡང་བྱས་མི་འདུག སྤྱིར་ཉིན་ཤས་སྔོན་ནས་ཨི་ཛི་རལ་དང་ཨི་རན་གཉིས་ཀྱི་བར་དུ་ཁ་རྩོད་ཆད་མེད་བྱུང་མུས་ཡིན་པ་དང་། ཨི་རན་གྱིས་སེ་རི་ཡའི་གཞུང་འཛིན་སྲིད་འཛིན་ཨ་སྰ་ཏིར་དམག་རོགས་བཏང་བ་ནི་ཨི་ཛི་རལ་གཙོས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཕོག་ཐུག་ཆེན་པོ་བཏང་བ་མངོན་གསལ་དུ་གྱུར་ཡོད།

སེ་རི་ཡའི་གཞུང་བརྙན་འཕྲིན་ལས་ཁུངས་ནས་འགྲེལ་བརྗོད་བྱེད་བཞིན་པ་ནི།“ཨི་ཛི་རལ་གྱི་དྲག་རྒོལ་དེར་ང་ཚོས་ལན་འདེབས་ཁ་གསལ་སྤྲད་ཡོད། མ་ཟད། ཁོང་ཚོའི་འཕུར་མདའ་གང་མང་ནམ་མཁའ་ནས་གཏོར་རྒོལ་བཏང་ཡོད།”ཅེས་བརྗོད་འདུག   འོན་ཀྱང་། སེ་རི་ཡའི་གཞུང་དམག་ནང་ཁུལ་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་དོན་ལྟར་ན། ཨི་ཛི་རལ་གྱི་དྲག་རྒོལ་དེའི་འོག་སེ་རི་ཡའི་ས་མཚམས་བརྟན་སྲུང་ཨི་རན་གྱི་དམག་མི་སྡོད་ཁུལ་དུ་མ་ཞིག་ལ་གཏོར་རྒོལ་ཕོག་འདུག་སྐོར་དང་། སེ་རི་ཡའི་མཁའ་དམག་ཞིབ་བཤེར་ས་ཚུགས། གོ་མཚོན་མཛོད་ཁང་བཅས་སུ་གནོད་སྐྱོན་ཅུང་ཚབ་ཆེན་བཏང་ཡོད་སྐོར་གནས་ཚུལ་གསལ་བཞིན་འདུག

ཨི་ཛི་རལ་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ཨ་ཝིག་རྡོར།#Defense Minister Avigdor Lieberman said on Thursday that Israel struck ”almost all of the Iranian infrastructure in Syria” overnight in response to a rocket barrage at its military outposts in the Golan Heights.

དེ་རིང་གི་ཨི་རན་དང་ཨི་ཛི་རལ་གྱི་ཕན་ཚུན་དྲག་རྒོལ་སྤེལ་རེས་ཀྱི་དམག་འཁྲུག་དེའི་བར་མཚམས་ནས་ཨི་ཛི་རལ་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ཨ་ཝིག་རྡོར་(Avigdor Lieberman)ལགས་ཀྱིས་ནན་བརྗོད་དང་དྲག་པོའི་ཉེན་བརྡ་བཏང་དོན།“གལ་སྲིད་ཨི་ཛི་རལ་གྱི་ནང་དུ་ཆར་པ་འབབ་ཚེ། ཆར་ཆུ་ཨི་རན་གྱི་ནང་དུ་བཤོ་རྒྱུ་ཡིན་པ་ཤེས་དགོས། མ་ཟད། དེ་རིང་གི་འཐབ་འཁྲུག་དེ་ཉིད་འཐབ་འཁྲུག་ཆེ་བ་ཞིག་གི་སྟ་གོན་མིན། དེའི་ཕྱིར་ཚང་མས་སློབ་ཚན་དེ་ཉིད་ཀྱི་ནང་དོན་ལེགས་པོ་ཞིག་ར་འཕྲོད་པ་བྱས་སྟེ་སློབ་ཚན་དེ་ཉིད་མཇུག་བསྒྲིལ་རྒྱུའི་རེ་བ་ཡོད།”ཅེས་བརྗོད་སོང་།

སྤྱིར་ཨི་རན་དང་ཨི་ཛི་རལ་གྱི་གནད་དོན་གཙོ་བ་ཞིག་ནི་ཨི་རན་གྱི་ངོས་ནས་དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་དག་གི་བར་དུ་འཇེའུ་ཆོས་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཨི་ཛི་རལ་ལྟ་བུ་ཞིག་དགོས་འདོད་མེད་པར་གླེང་བ་དང་། ཕྱོགས་གཉིས་ནས་ཨི་ཛི་རལ་ནི་དུས་རྟག་ཏུ་ཨ་རིའི་འགྱུར་མེད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་པ་མངོན་གསལ་རེད། དེ་མཚུངས་ཨི་རན་གཞུང་ཕྱོགས་དང་ཨི་རན་གྱི་ཧ་ཛི་བྷོ་ལ་ཆབ་སྲིད་ཚོགས་པའི་དམག་མི་རྣམས་ནི་ཨུ་རུ་སུ་རྒྱབ་རྟེན་དུ་བཅོལ་བཞིན་པའི་སེ་རི་ཡའི་སྲིད་འཛིན་ཨ་སྰ་ཏིའི་གཞུང་དམག་གི་དཔུང་རོགས་སྟོབས་ཆེན་ཞིག་ཆགས་ཀྱི་ཡོད། དེ་ལྟར་ཨི་རན་ལ་སེ་རི་ཡའི་ནང་དུ་དམག་གི་རྟེན་གཞི་རྒྱ་སྐྱེད་གཏོང་རྒྱུའི་གོ་སྐབས་ཁྱོན་ཡོངས་ནས་ལྡན་ཡོད་པས། སེ་རི་ཡའི་ནང་དུ་ཨི་རན་གྱི་སྟོབས་ཤུགས་ཇེ་ཙམ་རྒྱས་པ་དང་དུས་མཚུངས་ཨི་ཛི་རལ་ལ་ཉེན་ཚབ་ཇེ་ཆེར་འགྱུར་བཞིན་ཡོད་པ་རེད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།