ཨི་ཛི་རལ་ཟླ་བའི་གོ་ལའི་ཐོག་འབྱོར་བ། དམངས་ཀྱིས་རྒྱལ་ཁབ་ཟླ་བར་མངགས་པ།

0
1099
ཟླ་བའི་གོ་ལའི་ཐོག་བསྐྱོད་རྒྱུའི་འཕུར་མདའི་ཐོག་ཨི་ཛི་རལ་གྱི་རྒྱལ་དར་དང་དེའི་གཤམ་འོག་ཏུ་དབྱིན་ཡིག་ནང་(Small Country, Big dreams)-(རྒྱལ་ཁབ་ཆུང་ཆུང་། རྨི་ལམ་ཆེན་པོ་དུ་མ།)ཞེས་བྲིས་ཡོད་འདུག# SHARE EMAIL PRINT COMMENTS New Beresheet Mission Being Planned By Israel After Failed Moon Mission Beresheet cost about $100 million, most of it raised from private donors like Morris Kahn (File Photo)

ཨི་ཛི་རལ། ཇུ་རུ་ས་ལམ། སྤྱི་ལོ་2019ཟླ་4ཚེས་15ཉིན།  དེ་རིང་ཞོགས་པ་རྒྱ་གར་གྱི་དུས་བབ་(TOI)སོགས་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་གནས་ཚུལ་སྤེལ་བཞིན་པ་ནི།དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་སྟོབས་ཆེན་ཁག་གི་དབུས་སུ་ཆགས་པའི་འཇེའུ་ཆོས་ལུགས་པའི་རྒྱལ་ཁབ་ཆུང་ཆུང་ཨི་ཛི་རལ་(Isearal)གྱི་སྒེར་གྱི་ཁེ་མེད་ཚན་རིག་ཚོགས་པ་(SpaceIL)ཡིས་མངགས་པའི་འཕུར་མདའ་དེ་ཉིད་བདུན་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་ཟླ་བའི་གོ་ལའི་ཐོག་འབྱོར་བའི་གནས་ཚུལ་ཐོན་འདུག། འོན་ཀྱང་། ལས་གཞི་ཁྱོན་ཡོངས་ནས་ལམ་ལྷོངས་བྱུང་ཡང་མཐར་འཕུར་མདས་བསྐྱུར་བའི་སྲུང་སྐར་འགུལ་སྐྱོད་གློག་འཕྲུལ་ཟླ་བའི་གོ་ལའི་ཐོག་ཐུག་ལ་ཉེ་སྐབས་འཕྲུལ་ཆས་ལ་སྐྱོན་བསྟུད་མར་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

སྤྱིར་ད་ལྟ་བར་འཛམ་གླིང་ནང་གི་རྒྱལ་ཁབ་གསུམ་ཁོ་ན་ལས་ཟླ་བའི་གོ་ལའི་ཐོག་འབྱོར་ཐུབ་མེད་པ་དང། གལ་སྲིད་ད་ལན་ཨི་ཛི་རལ་འགེགས་མེད་ངང་ཟླ་བའི་གོ་ལའི་ཐོག་བབས་ཐུབ་ཡོད་ཚེ། ཨ་རི་དང་། ཨུ་རུ་སུ། རྒྱ་ནག་གི་རྗེས་སུ་ཨི་ཛི་རལ་འཛམ་གླིང་ནང་ཟླ་བའི་གོ་ལའི་ཐོག་བསྐྱོད་མཁན་གྱི་རྒྱལ་ཁབ་བཞི་པ་དེར་འགྱུར་རྒྱུ་རེད། དེ་ཡང་ཨི་ཛི་རལ་གྱི་འཕུར་མདའ་དེའི་མིང་ལ་ཡུལ་དེའི་སྐད་ཡིག་ནང་(གོམ་པ་དང་པོ།)ཞེས་བཏགས་འདུག འཕུར་མདའ་དེ་ཉིད་བར་སྣང་ལ་ཁྱོན་བདུན་ཕྲག་བདུན་རིང་མཁའ་སྐྱོད་བྱས་མཐར་བདུན་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་ཟླ་བའི་གོ་ལའི་མཁའ་དབྱིངས་ནང་དུ་འཛུལ་ཡོད་པ་རེད་འདུག

(ཟླ་བའི་ཐོག་འབབ་བྱེད་ཀྱི་མཐའ་མའི་གློག་འཕྲུལ།)ལས་གཞི་ཁྱོན་ཡོངས་ནས་ལམ་ལྷོངས་བྱུང་ཡང་མཐར་འཕུར་མདས་བསྐྱུར་བའི་སྲུང་སྐར་འགུལ་སྐྱོད་གློག་འཕྲུལ་ཟླ་བའི་གོ་ལའི་ཐོག་ཐུག་ལ་ཉེ་སྐབས་འཕྲུལ་ཆས་ལ་སྐྱོན་བསྟུད་མར་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག #The robot craft Beresheet crashed on its final descent on Thursday, dashing Israel’s hope of becoming the fourth country to manage a controlled lunar landing.

སྤྱིར་ཨི་ཛི་རལ་གྱི་སྒེར་གྱི་ཚོགས་པའི་ལས་གཞི་ཆེན་པོ་དེ་ཉིད་ཁྱོན་ཡོངས་ནས་ལམ་ལྷོངས་བྱུང་ཡོད་ཚེ་འཛམ་གླིང་ལོ་རྒྱུས་ནང་གཞུང་དང་འབྲེལ་མེད་སྒེར་གྱི་ཚོགས་པས་ཟླ་བའི་གོ་ལའི་ཐོག་བསྐྱོད་པ་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད་འདུག ད་ལན་གྱི་ཟླ་བའི་གོ་ལའི་ཐོག་བསྐྱོད་རྒྱུའི་འཕུར་མདའི་ཐོག་ཨི་ཛི་རལ་གྱི་རྒྱལ་དར་དང་དེའི་གཤམ་འོག་ཏུ་དབྱིན་ཡིག་ནང་(Small Country, Big dreams)-(རྒྱལ་ཁབ་ཆུང་ཆུང་། རྨི་ལམ་ཆེན་པོ་དུ་མ།)ཞེས་བྲིས་ཡོད་འདུག ལས་གཞི་དེའི་འགྲོ་སོང་ཁྱོན་ཨ་སྒོར་ས་ཡ་$100ལྷག་ཕྱིན་ཡོད་པ་དང་། འགྲོ་གྲོན་ཡོངས་རྒྱལ་ཁབ་དེ་གའི་མི་སྒེར་པ་ཤ་སྟག་གིས་ཞལ་འདེབས་སྤྲད་དེ་བྱུང་བའི་ལས་གཞི་ཆེན་པོ་ཞིག་ཆགས་ཀྱི་ཡོད་འདུག དེའི་ཕྱིར་རྒྱལ་སྤྱིའི་གསར་ལམ་ཁག་ནས་ལས་གཞི་དེར་རྒྱབ་སྐྱོར་གཏམ་གླེང་ཆད་མེད་བྱེད་བཞིན་འདུག་ཅིང་། དམངས་ཀྱིས་རྒྱལ་ཁབ་ཟླ་བར་མངགས་ཚུལ་གླེང་སློང་ཤུགས་ཆེན་བྱེད་བཞིན་མཆིས།

རྒྱལ་ཁབ་དེ་གའི་མཁའ་སྐྱོད་ཚོགས་པ་དེས་ཁ་སང་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཀའི་གསར་འགོད་གསལ་བསྒྲགས་ནང་གསལ་བརྗོད་བྱས་དོན།“ང་ཚོས་ལས་གཞི་དེ་ཉིད་བསྐྱར་དུ་གྲ་སྒྲིག་བྱེད་བཞིན་ཡོད། མ་ཟད། སྒེར་གྱི་ཞལ་འདེབས་འབུལ་མཁན་དག་གིས་ཀྱང་ནན་སྐུལ་ངང་མུ་མཐུད་ལས་གཞི་དེ་ཉིད་རྒྱུན་མཁྱོངས་བྱ་རྒྱུར་སྐུལ་བཞིན་འདུག དེའི་ཕྱིར་ང་ཚོས་ལས་གཞི་དེར་(ཨི་ཛི་རལ་མི་དམངས་ཀྱི་ལས་གཞི།)འབོད་རྒྱུ་ཡིན།”ཞེས་བརྗོད་སོང་། ལས་གཞི་དེའི་ཞལ་འདེབས་འབུལ་མཁན་གཙོ་གྲས་ཕྱུག་བདག་སྐུ་ཞབས་ཧྭན་(Morris Kahn)ལགས་ཀྱིས་བརྗོད་དོན།“ངས་མུ་མཐུད་མ་དངུལ་གཏོང་རྒྱུའི་གྲ་སྒྲིག་ཡིན། ཟླ་བར་བསྐྱོད་རྒྱུའི་ལས་གཞི་གཉིས་པ་དེ་ཉིད་ངེས་པར་དུ་གང་མགྱོགས་བསྒྲུབ་དགོས། ང་ཚོས་འགོ་བཙུགས་ཟིན་ཕྱིན་མཇུག་སྐྱོངས་དགོས། མ་ཟད། ང་ཚོའི་རྒྱལ་དར་ཡིན་ཅིག་ཟླ་བའི་གོ་ལའི་ཐོག་འཛུགས་དགོས།”ཞེས་ཨི་ཛི་རལ་གྱི་བརྙན་འཕྲིན་Channel 12 TVཐོག་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།