ཨ་རིས་རྒྱ་ནག་གི་སྣ་ནས་བཟུང་སྐབས་རྒྱ་གར་གྱིས་བསྐྱབ་འཆར། ཚོང་དོན་དམག་འཁྲུག

0
1498
རྒྱལ་སྤྱིའི་ཚོང་ལས་ཞིབ་འཇུག་སྙན་ཐོ་ལྟར་ན་རྒྱ་གར་གྱིས་རྒྱ་ནག་ལ་དངོས་ཟོག་མི་འདྲ་བ་ཁྱོན་20ལྷག་ཆད་མེད་ངང་ཕྱི་འཚོང་བྱ་ཐུབ་རྒྱུའི་ནུས་པ་སྟོབས་ཆེན་ལྡན་ཡོད་པ་ར་སྤྲོད་བྱས་འདུག#A study found that India is strong in its capability to export about 20 products.

རྒྱ་གར། ལྡི་ལི་གསར་པ། སྤྱི་2018ཟླ་8ཚེས་28ཉིན། ད་ལྟ་ཆུ་ཚོད་གཅིག་ཙམ་སྔོན་དུ་རྒྱ་གར་དུས་བབ་གསར་ཁང་(TOI)གིས་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་གསར་པ་ཀྲམ་ཧྥི་ཡིས་སྲིད་འཛིན་ཕོ་བྲང་བླངས་པ་ནས་བཟུང་ཨ་རྒྱ་གཉིས་ཀྱི་ཚོང་དོན་དམག་འཁྲུག་དངོས་སུ་འགོ་བཙུགས་པ་དང་། ད་བར་ཕྱོགས་གཉིས་ཀྱི་བར་དུ་ཚོང་དོན་གྱོང་གུན་རིམ་པས་འཕོག་བཞིན་ཡོད་མོད། ཨ་རིའི་ངོས་ནས་རྒྱ་ནག་ལ་མུ་མཐུད་ཚོང་དོན་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་རྟགས་མཚན་མངོན་རྒྱུ་མེད་པར་གནས་བཞིན་མཆིས། དེ་མཚུངས་ཨ་རྒྱ་གཉིས་ཀྱི་ཚོང་དོན་དམག་འཁྲུག་འོག་ཡོ་རོབ་རྒྱལ་ཁབ་ཕལ་མོ་ཆེ་དང་། མེག་སི་ཁོ་(Mexico/墨西哥)གཙོས་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་དུ་མར་ཁེ་ཕན་ཡོང་བཞིན་པ་དངོས་ཡོད་དུ་གྱུར་ཡོད།

འོན་ཀྱང་། ཡོ་རོབ་རྒྱལ་ཁབ་ཆུང་ཙག་དག་གིས་ཨ་རྒྱ་གཉིས་ལྟ་བུ་ཕན་ཚུན་སྟོབས་ཆེན་ཚོང་ལས་གཉིས་ཕན་རམ་འདེགས་ཐུབ་ཐབས་མེད་པ་ལྟར་གྱུར་ཞིང་། དམིགས་བསལ་རྒྱ་ནག་གིས་ཨ་རིར་ཕྱི་འཚོང་བྱ་ཚད་ནི་རྒྱ་ནག་ལ་དམིགས་བསལ་གནས་ཚུལ་དུ་གྱུར་ཡོད། ཕྱོགས་གཞན་ནས་ཨ་རིའི་དངོས་ཟོག་རྒྱ་ནག་གིས་ནང་འདྲེན་བྱེད་བཞིན་པ་དག་གི་རིན་གོང་རིམ་པས་འཕར་རྒྱུ་ཡིན་པས་རྒྱ་ནག་གི་འཛད་སྤྱོད་པ་དག་ལ་དཀའ་ངལ་འཕར་མར་འགྱུར་འཆར་ཡོད་པ་རེད་འདུག དེའི་ཕྱིར་ཨ་རིས་རྒྱ་ནག་ལ་ཕྱི་འཚོང་རིན་གོང་སྤར་ཡང་རྒྱ་གར་གྱིས་དེ་ལས་ལྡོག་སྟེ་རྒྱ་ནག་ལ་རྒྱབ་སྐྱོར་ལྟ་བུར་ཕྱི་འཚོང་དངོས་ཟོག་ཁག་མི་འདྲ་བ་40ལྷག་གི་ཐོ་གཞུང་གསར་འདོན་བྱས་པའི་གནས་ཚུལ་ཐོན་འདུག

ད་ལན་རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་བསྒྲིགས་པའི་ཚོང་ལས་འཆར་གཞི་དེས་རྒྱ་གར་རང་ཉིད་ལ་རྒྱ་ནག་དང་ལྷན་དུ་ཚོང་ལས་དོ་མི་མཉམ་པའི་གྱོང་གུན་ཁྱོན་ཨ་སྒོར་ཐེར་འབུམ་63ཡོད་པ་དེ་ཉིད་ཉུང་བྲི་བྱ་ཐུབ་རྒྱུ་ཡིན་སྐོར་གསལ།#Boosting exports will help India reduce a $63 billion trade deficit it runs with China.

གནས་ཚུལ་དེའི་ཐད་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་གིས་དམིགས་བསལ་འགྲེལ་བརྗོད་ཅི་ཡང་བྱས་མེད་སྐོར་བརྗོད། ད་ལན་རྒྱ་གར་གྱི་མདུན་སྐྱོད་དེ་ནི་རྒྱ་ནག་གཙོས་ཨེ་ཤི་ཡའི་ཁྲོམ་རའི་ནང་རྒྱ་གར་གྱིས་ཨ་རིའི་ཚོང་ལས་གོ་གནས་འབུད་རྒྱག་གཏོང་འདོད་ཀྱི་རྣམ་པ་མཚོན་ཚུལ་གླེང་། དེ་བཞིན་རྒྱ་གར་གྱི་བྱེད་སྟངས་དེ་འགྲིགས་ཚུལ་གྱི་བསམ་ཚུལ་བརྗོད་མཁན་ཡང་མི་ཉུང་བ་ཞིག་འབྱུང་བཞིན་མཆིས། ད་ལན་རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་བསྒྲིགས་པའི་ཚོང་ལས་འཆར་གཞི་དེས་རྒྱ་གར་རང་ཉིད་ལ་རྒྱ་ནག་དང་ལྷན་དུ་མ་གནས་གོ་འཛོལ་བྱུང་བའི་ཚོང་ལས་གྱོང་གུན་ཁྱོན་ཨ་སྒོར་ཐེར་འབུམ་63ཡོད་པ་དེ་ཉིད་ཉུང་བྲི་བྱ་ཐུབ་རྒྱུ་ཡིན་སྐོར་གསལ། ཕྱོགས་མཚུངས་རྒྱ་གར་ལ་མཚོན་ན་རྒྱ་ནག་ནི་ལྡི་ལི་གསར་པའི་ཚོང་འབྲེལ་རྒྱལ་ཁབ་ཆེས་ཆེ་ཤོས་དེ་ཉིད་ཆགས་ཀྱི་ཡོད་འདུག

རྒྱལ་སྤྱིའི་ཚོང་ལས་ཞིབ་འཇུག་སྙན་ཐོ་ལྟར་ན་རྒྱ་གར་གྱིས་རྒྱ་ནག་ལ་དངོས་ཟོག་མི་འདྲ་བ་ཁྱོན་20ལྷག་ཆད་མེད་ངང་ཕྱི་འཚོང་བྱ་ཐུབ་རྒྱུའི་ནུས་པ་སྟོབས་ཆེན་ལྡན་ཡོད་པ་ར་སྤྲོད་བྱས་འདུག་པ་དང་། སྤྱིར་དངོས་ཟོག་མི་འདྲ་བ་ཁྱོན་80ལྷག་ལྷོད་ལྷོད་ངང་རྒྱ་ནག་ལ་ཕྱི་འཚོང་བྱ་རྒྱུའི་ནུས་པ་ངེས་ཅན་ལྡན་ཡོད་སྐོར་བཀོད་འདུག གཞན་ཉེ་བའི་ཆར་ཨ་རིས་མོན་སྲན་གྱི་གོང་ཚད་ཐོག་ཁྲལ་སྣོན་བརྒྱ་ཆ་25%སྤར་སྟབས་རྒྱ་ནག་གིས་བྷེ་རེ་ཛེལ་(Brasil/巴西)ནས་མོན་སྲན་ཉོ་འགོ་བཙུགས་ཟིན་ཡོད།

རྒྱ་གར་གྱི་ཚོང་ལས་དབོར་འདྲེན་གྲུ་ཁ་ཆེ་ཤོས། ནྭ་ཝ་ཤི་བ། མ་ཧྭ་ར་ཤི་ཌ་མངའ་སྡེ། ནེའུ་རུ་གྲུ་ཁ་ཞེས་ཀྱང་བརྗོད།#Nhava Sheva now known as Jawaharlal Nehru Port is the largest container port in India, situated at the mainland of Konkan area across the Navi Mumbai Maharashtra.

དེ་མཚུངས་ཨ་རིས་བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་དངོས་ཟོག་རིན་འབབ་ཁྱོན་ཨ་སྒོར་ཐེར་འབུམ་200རི་བའི་ཐོག་ཚོང་དོན་ཁྲལ་སྣོན་ཉེས་ཆད་གཅོད་རྒྱུའི་སྐད་ཆ་བཤད་ཡོད། དེ་ནི་ད་ལམ་ཕྱོགས་གཉིས་ཀྱི་ཚོང་ལས་དམག་འཁྲུག་ཇེ་སྡུག་ཏུ་འགྲོ་བཞིན་པ་དངོས་ཡོད་དུ་གྱུར་ཡོད། དེ་བཞིན་རྒྱ་ནག་གི་ངོས་ཀྱང་ཨ་རིའི་ཚོང་ལས་དམག་འཁྲུག་ལ་མགོ་བོ་བསྒུར་འཆར་མེད་སྐོར་བརྗོད་ཅིང་། རྒྱ་ནག་གི་ཕྱུག་བདག་ཨང་དང་པོ་ཨ་ལི་བྷ་བྷ་ཚོང་ཚོགས་ཀྱི་ངོས་ནས་ཀྱང་ཨ་རིའི་བྱེད་སྟངས་ལ་དཔག་པའི་ཚོང་ལས་དམག་འཁྲུག་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡིན་སྐོར་བརྗོད་ཡོད། རྒྱ་ནག་བཅའ་སྡོད་རྒྱ་གར་གཞུང་ཚབ་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ཏེ་ད་ལན་གྱི་ཚོང་ལས་གོ་སྐབས་གལ་ཆེན་དེ་ཉིད་སྐོར་ཚོང་ལས་ཁོ་ནའི་ཚོགས་འདུ་གལ་ཆེན་ཞིག་བསྐོང་རྒྱུའི་སྐོར་གྲོས་བསྡུར་བྱ་རྒྱུའི་གནས་ཚུལ་བརྗོད་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།