ཨ་རི་བར་སྣང་ལ་ཡོད་པ་ཙམ་གྱིས་འགྲིགས་ཀྱི་མེད། བར་སྣང་དབང་སྒྱུར་བྱ་དགོས་ཀྱི་ཡོད་ཟེར།

0
1189
ཨ་རིའི་བར་སྣང་དབང་སྒྱུར་བྱ་རྒྱུའི་དམག་དོན་ལས་གཞི་དེའི་ཐད་ད་ལྟའི་ཆར་འཛམ་གླིང་ཁྱོན་གྱིས་དོ་སྣང་མ་བྱེད་ཐབས་མེད་དུ་གྱུར་འདུག #Pence details plan for creation of Space Force in what would be the sixth branch of the military.

ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2018ཟླ་8ཚེས་10ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་ཨ་རིའི་ཝ་ཤིང་ཊོན་ཆ་འཕྲིན་(Washington Post)གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མེག་པེན་སི་(Mike Pence)ལགས་ཀྱིས་ཨ་རིའི་བདེ་སྲུང་ལྷན་ཁང་པེན་གྲ་གྷོན་(Pentagon)དུ་སྤྱི་ལོ་2020བར་གྱི་བར་སྣང་དམག་དོན་འཆར་འགོད་ཐད་གསལ་བསྒྲགས་སྤེལ་དོན། ང་ཚོས་བར་སྣང་དམག་སྒར་དང་སྲུང་དམག་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུའི་ཕུགས་འདུན་ནན་པོ་གཏན་ལ་ཕབ་སྟེ། མགྱོགས་མྱུར་ཨ་རིའི་བར་སྣང་དམག་སྒར་སྡེ་ཚན་དྲུག་པ་ཞེས་པ་གསར་འཛུགས་བྱ་རྒྱུ་ཡིན་ཞེས་བརྗོད་སོང་། དེ་ཡང་བར་སྣང་དམག་དོན་ལས་འཆར་དེ་ཉིད་ཆེས་ཐོག་མར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་མ་ཐག་གསར་འཛུགས་བྱས་པ་ཞིག་ཆགས་ཀྱི་ཡོད་འདུག

མུ་མཐུད་ཁོང་གིས་འགྲེལ་བརྗོད་བྱས་དོན། འདས་པའི་ལོ་རྒྱུས་ནང་ཨ་རིས་བར་སྣང་དམག་དོན་ཐད་ཕྱོགས་ཡོངས་ནས་དབང་སྒྱུར་བྱེད་བཞིན་གནས་མུས་ཡིན་ལ། འབྱུང་འགྱུར་ཡང་མཁའ་དམག་ཙམ་མ་ཟད་བར་སྣང་དམག་དོན་(Space Force)དབང་ཤུགས་ཐད་དབང་སྒྱུར་རྒྱུན་འཁྱོངས་ཡོང་བའི་དོན་དུ་ལས་གཞི་དེ་ཉིད་ཧུར་ཐག་ངང་བསྒྲུབ་རྒྱུ་ཡིན་སྐོར་ནན་བརྗོད་བྱས་འདུག དེ་བཞིན་ཁོང་གིས་འབྱུང་འགྱུར་ཨ་རིས་གཡུལ་ས་གསར་པ་དེ་རིགས་ལ་ཁ་གཏད་གཅོག་དགོས་ངེས་ཁེལ་ཉེན་ཡོད་པས་སྔོན་ཚུན་ནས་གྲ་སྒྲིག་བྱ་རྒྱུ་གལ་འགངས་ཆེ་སྐོར་བརྗོད།

གལ་སྲིད་བར་སྣང་དམག་དོན་ལས་འཆར་དེ་ཉིད་ལ་གྲོས་ཚོགས་ནས་ཆོག་མཆན་འཐོབ་ཚེ་ཁྱོན་མ་དངུལ་ཨ་སྒོར་དུ་ཙམ་ཞིག་དགོས་ཀྱི་ཡོད་དམ། #Vice President Pence laid out an ambitious plan Thursday that would begin creating a military command dedicated to space and establish a “Space Force” as the sixth branch of the U.S. military as soon as 2020.

ཁོང་གིས་དམིགས་བསལ་ནན་བརྗོད་བྱས་དོན།“ཕྱོགས་གཞན་ནས་ང་ཚོས་ལོགས་སུ་བར་སྣང་དམག་དོན་ལྷན་ཁང་གསར་འཛུགས་བྱ་རྒྱུའི་དུས་ཚོད་ཟིན་ཡོད། འོན་ཀྱང་། ལྷན་ཁང་གསར་འཛུགས་བྱ་རྒྱུར་གྲོས་ཚོགས་ནས་འདོད་མོས་ཡོད་པའི་ཆོག་མཆན་དགོས་ཀྱི་ཡོད་སྟབས་ན་ནིང་འཆར་གཞི་དེ་ཉིད་ལ་གྲོས་ཚོགས་གིས་བདག་པོ་བརྒྱབས་མེད། ང་ཚོས་བསམ་བློ་ཞིབ་ཏུ་གཏོང་གིན་དུས་ཚོད་ངེས་ཅན་སྤྱད་དེ་འཛམ་གླིང་ནང་གི་གཞུང་འཛིན་ཆེ་ཤོས་དེ་ཉིད་བསྐྱར་སྒྲིག་བྱ་དགོས་ཀྱི་འདུག བསམ་ཚུལ་དེའི་ཐད་བདེ་སྲུང་ལྷན་ཁང་གི་ཕྱི་ནང་གཉིས་ཀར་འཇིགས་སུ་རུང་བའི་ངོ་རྒོལ་བྱེད་བཞིན་ཡོད། དམིགས་བསལ་འབྲེལ་ཡོད་ཨ་རིའི་མཁའ་དམག་ལྷན་ཁང་གི་འགན་འཁུར་འགའ་ཡང་ཤོར་སྲིད་པ་རེད།”ཅེས་བརྗོད།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཀྲམ་ཧྥི་ལགས་ཀྱིས་གནད་དོན་དེའི་ཐད་ནན་བརྗོད་བྱས་དོན།“བར་སྣང་དུ་ངེད་ཨ་རི་ཡོད་པ་ཙམ་གྱི་འགྲིགས་ཀྱི་མེད། ཨ་རིས་བར་སྣང་དབང་སྒྱུར་བྱ་དགོས་ཀྱི་ཡོད།”ཅེས་བརྗོད་སོང་། དེ་བཞིན་ཨ་རིའི་བདེ་སྲུང་དྲུང་ཆེས་ནན་བརྗོད་བྱས་དོན།“ངས་ན་ནིང་ལས་འཆར་དེའི་ཐད་དགག་པ་བརྒྱབས་པ་ཡིན། འོན་ཀྱང་། ད་ལན་ངེད་བདེ་སྲུང་ལྷན་ཁང་ཕོ་བྲང་དཀར་པོ་དང་ལྷན་དུ་ཡོད།”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།