ཧྥ་རན་སིའི་རིག་དངོས་ལྷ་ཁང་རྙིང་པར་མེ་སྐྱོན། ཛ་དྲག་གནས་ཚུལ། ཐད་སྤེལ།

0
2199
ལྷ་ཁང་དེ་ཉིད་ལ་ཁྱོན་མི་ལོ་850ལྷག་གི་ལོ་རྒྱུས་ལྡན་ཞིང་། དེའི་ནང་དུ་ཡོད་པའི་སྒྱུ་རྩལ་རིག་དངོས་དེ་དག་ནི་རིན་ཐང་གཞལ་དུ་མེད་པ་ཤ་སྟག་ཡིན་སྐོར་བརྗོད་བཞིན་མཆིས།#The cathedral had been undergoing intense restoration work to help the 850-year-old gothic masterpiece better deal with the tests of time.

ཧྥ་རན་སི། པེ་རེ་སི། སྤྱི་ལོ་2019ཟླ་4ཚེས་16ཉིན། ད་ལྟ་སྐར་མ་ལྔའི་སྔོན་དུ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ལྟ་སྲུང་བ་(The Guardian)སོགས་ཀྱིས་ཐད་སྤེལ་གནས་ཚུལ་སྤེལ་བཞིན་པ་ནི། ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་གྲོང་ཁྱེར་ལྟེ་དབུས་སུ་ཆགས་པའི་རིག་དངོས་ལྷ་ཁང་རྙིང་པ་གྲགས་ཅན་(Notre-Dame Cathedral)ལ་མེ་ཤུགས་ཆེན་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་མེ་སྐྱོན་གྱི་བྱུང་གཞི་ཅི་ཡིན་གསལ་རྟོགས་མི་ཐུབ་ཅིང་། མེ་གསོད་རུ་མི་དང་ཉེན་རྟོག་པ་སོགས་ཀྱིས་ནམ་ཡང་གསར་དུ་རྙེད་ཐབས་མེད་པའི་རིན་བྲལ་གྱི་རིག་དངོས་དེ་དག་སྐྱོབ་ཐབས་བྱེད་བཞིན་པའི་གནས་ཚུལ་བརྗོད། གནད་དོན་དབྱེ་ཞིབ་པ་དག་གིས་བརྗོད་གསལ་ལྟར་ན། ལྷ་ཁང་དེ་ཉིད་ལ་ཁྱོན་མི་ལོ་850ལྷག་གི་ལོ་རྒྱུས་ལྡན་ཞིང་། དེའི་ནང་དུ་ཡོད་པའི་སྒྱུ་རྩལ་རིག་དངོས་དེ་དག་ནི་རིན་ཐང་གཞལ་དུ་མེད་པ་ཤ་སྟག་ཡིན་སྐོར་བརྗོད་བཞིན་མཆིས།

གཞུང་ཕྱོགས་ནས་མྱ་ངན་སྐྱོ་ངག་གླེང་དོན།“ནོར་ཐེར།-ཌམ། ལ་མེ་ཤོར་བ་ནི་ང་ཚོའི་གཟུགས་པོའི་ཆ་ཤས་ཤིག་འཚིག་བཞིན་པ་དང་གཉིས་མེད་རེད་འདུག”ཅེས་བརྗོད།#President Emmanuel Macron cancelled a major televised policy speech he was due to give on Monday evening over the “terrible fire ravaging Notre-Dame.”

གནས་ཚུལ་དེ་ཉིད་ཐོན་མ་ཐག་ཧྥ་རན་སིའི་སྲིད་འཛིན་གྱི་རེས་གཟའ་ཟླ་བའི་བརྙན་འཕྲིན་བརྒྱུད་གཏམ་བཤད་ཀྱི་ལས་འཆར་གལ་ཆེན་དུ་མ་ཞིག་ཡོད་པ་རྣམས་ཕྱིར་འཐེན་བྱས་ཏེ། གནས་ཚུལ་ལྷག་ཡུལ་གྱི་ས་གནས་དངོས་ལ་བསྐྱོད་སྐོར་སྲིད་འཛིན་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་པས་གསལ་བརྗོད་བྱས་འདུག དེ་བཞིན་ཧྥ་རན་སིའི་སྲིད་གཞུང་གིས་ད་ལྟའི་ཆར་རྒྱལ་ཡོངས་མྱ་ངན་བྱ་རྒྱུའི་གནས་སྟངས་སུ་བསླེབས་སྐོར་བརྗོད་ཅིང་། གཞུང་ཕྱོགས་ནས་མྱ་ངན་སྐྱོ་ངག་གླེང་དོན།ནོར་ཐེར།ཌམ། ལ་མེ་ཤོར་བ་ནི་ང་ཚོའི་གཟུགས་པོའི་ཆ་ཤས་ཤིག་འཚིག་བཞིན་པ་དང་གཉིས་མེད་རེད་འདུག དེ་རིང་ཕྱི་དྲོ་ནི་ངེད་ཡེ་ཤུ་རྣམ་དག་ཆོས་ལུགས་རྗེས་འབྲངས་པ་རྣམས་དང་། ཧྥ་རན་སིའི་མི་དམངས་ཁྱོན་ཡོངས་ཀྱི་སྐྱོ་སེམས་དྲག་པོ་ཚོར་བཞིན་འདུགཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།