ཧྥ་རན་སིའི་རིག་གནས་ལྷ་ཁང་བསྐྱར་གསོའི་ཞལ་འདེབས་ཡོ་སྒོར་ས་ཡ་700བརྒལ་ཟིན་འདུག

0
1257
ཁས་ཉིན་རེས་གཟའ་ཟླ་བའི་ཕྱི་དྲོ་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ཡོད་པའི་རིག་གནས་ལྷ་ཁང་གྲགས་ཅན་(ནོར་ཐེར།-ཌམ།-Notre-Dame)མེ་ཤོར་སྐབས། #"We will rebuild Notre Dame Cathedral even more beautiful," Macron said.

ཧྥ་རན་སི། པེ་རེ་སི། སྤྱི་ལོ་2019ཟླ་4ཚེས་17ཉིན། ད་ལྟ་ཆུ་ཚོད་གཅིག་ཙམ་སྔོན་དུ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་བྷི་བྷི་སི་(BBC)གསར་ཁང་དང་རྒྱ་གར་གྱི་དུས་བབ་གསར་ཁང་(TOI)སོགས་ཀྱིས་གནས་ཚུལ་སྤེལ་གསལ། ཁས་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ཡོད་པའི་རིག་གནས་ལྷ་ཁང་གྲགས་ཅན་(ནོར་ཐེར།-ཌམ།-Notre-Dame)ལ་མེ་ཤོར་ཏེ། ལྷ་ཁང་གི་ཐོག་ཁང་བརྡིབས་པའི་གནས་ཚུལ་བྱུང་མ་ཐག་ཆུ་ཚོད་འགའི་རྗེས་ནས་ཧྥ་རན་སི་རང་རྒྱལ་གྱི་ཕྱུག་བདག་གྲགས་ཅན་འདྲ་མིན་གྱིས་ལྷ་ཁང་བསྐྱར་གསོའི་ཞལ་འདེབས་ཕོན་ཆེན་སྤྲོད་འགོ་ཚུགས་པའི་གནས་ཚུལ་འབྱུང་བཞིན་འདུག དེ་ལྟར་མེ་སྐྱོན་རྗེས་ཀྱི་ཆུ་ཚོད་ཉེར་བཞིའི་ནང་ཁྱོན་ཞལ་འདེབས་དབྱིན་སྒོར་ས་ཡ་700བརྒལ་ཟིན་པའི་གནས་ཚུལ་བརྗོད།

དེ་མཚུངས་ཧྥ་རན་སིའི་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཕྱུག་བདག་པོ་དང་། ཚོང་བདག དམངས་ཀྱི་ཚོགས་པ་སོགས་ཀྱིས་རིག་གནས་ལྷ་ཁང་བསྐྱར་གསོའི་ཞལ་འདེབས་ཀྱི་ཆར་པ་འབབ་བཞིན་འདུག་སྐོར་གླེང་ཞིང་། ཡུལ་དེ་གའི་སྲིད་འཛིན་མག་ཁོང་(Emmanuel Macron)གིས་ནན་ཏན་ངང་དམ་འབུལ་བྱས་དོན།“རེས་གཟའ་ཟླ་བའི་ཕྱི་དྲོ་བློ་ཡུལ་ལ་མི་གཤོང་བའི་རིག་གནས་ལྷ་ཁང་མེ་སྐྱོན་གྱི་གནས་ཚུལ་དེ་ཉིད་བྱུང་བ་རེད། འོན་ཀྱང་། རང་ཉིད་ཀྱིས་དམ་འབུལ་བྱ་རྒྱུར་གང་མགྱོགས་རིག་གནས་ལྷ་ཁང་བསྐྱར་གསོ་མཐར་ཕྱིན་པ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

མེ་སྐྱོན་རྗེས་ཀྱི་ནོར་ཐེར་ཌམ། ཧྥ་རན་སིའི་སྲིད་འཛིན་གྱིས་བརྗོད་དོན། “་ང་ཚོས་ནོར་ཐེར་ཌམ། སྔར་ལས་མཛེས་པ་ཞིག་བཟོ་རྒྱུ་ཡིན།”ཞེས་བརྗོད་འདུག#Macron added that France has endured revolutions and wars — and “we’ve always rebuilt.”

ཕྱོགས་མཚུངས་ཁས་ཉིན་རེས་གཟའ་ཟླ་བའི་ཕྱི་དྲོ་འཛམ་གླིང་གི་རྒྱས་སྤྲོས་ཚོང་རྟགས་གྲགས་ཅན་(Yves Saint Laurent)དང་(Gucci)སོགས་ཕལ་མོའི་སྦྱིན་བདག་ཚོང་ཚོགས་ཨ་མ་(Kering)ཡིས་ཡོ་སྒོར་ས་ཡ་100སྤྲོད་རྒྱུའི་ཁས་ལེན་བྱས་འདུག་པ་དང་། ཁ་སང་རེས་གཟའ་མིག་དམར་ཉིན་བསྐྱར་དུ་ཡོ་སྒོར་ས་ཡ་100སྤར་ཏེ་ཁྱོན་ཡོ་སྒོར་ས་ཡ་200སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་འདུག  དེ་བཞིན་ཁྱབ་ཆེ་བའི་མཛེས་སྤྱོད་ཚོང་རྟགས་(L’Oreal)ཚོང་ཚོགས་ཀྱིས་ཁྱོན་ཡོ་སྒོར་ས་ཡ་200སྤྲོད་རྒྱུ་རེད་འདུག ད་དུང་། ཧྥ་རན་སིའི་སྣུམ་འཚོང་ཚོང་ཚོགས་ཆེ་ཤོས་དེས་ཡོ་སྒོར་ས་ཡ་100སྤྲོད་རྒྱུ་ཡིན་པ་རེད་འདུག

དེ་ལྟར་གོང་སྨྲོས་ཡོ་སྒོར་ས་ཡ་700དེའི་ནང་མ་ཚུད་པའི་ཞལ་འདེབས་ཕོན་ཆེན་ཡོད་པ། དཔེར་ན། ཧྥ་རན་སིའི་མཁའ་འགྲུལ་ཞབས་ཞུས་(Air France)བསྐྱར་གསོའི་ལས་བྱེད་པ་རྣམས་ལ་རིན་མེད་ངང་འགྲུལ་བཞུད་ཀྱི་ཐོབ་ཐང་འབུལ་རྒྱུ་ཡིན་པ་དང་། ཤེལ་སྒོའི་ཚོང་ཚོགས་ཆེན་པོ་(Saint-Gobain)ཡིས་ལྷ་ཁང་བསྐྱར་གསོའི་ཤེལ་སྒོ་ཡོངས་སུ་རིན་མེད་ངང་སྤྲོད་རྒྱུ་ཁས་ལེན་བྱས་འདུག ཕྱོགས་གཞན་ནས་འཛམ་གླིང་བརྡ་འཕྲིན་ཚན་རྩལ་ཚོང་ཚོགས་གྲགས་ཅན་ཀུ་ཤུ་རྟགས་ཅན་གྱིས་ཞལ་འདེབས་འབུལ་རྒྱུ་ཡིན་སྐོར་བརྗོད་འདུག་ཅིང་། པེ་རེ་སིའི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཡོ་སྒོར་ས་ཡ་50གཞུང་ཕྱོགས་ནས་བཀའ་ཁྲོལ་གནང་ཟིན་པ་བཅས་ད་ལྟའི་ཆར་རིག་དངོས་ལྷ་ཁང་དེ་ཉིད་ཧྥ་རན་སིའི་ཡོད་ཚད་དང་། བརྩི་ཤོས་བྱ་ཡུལ་གྱི་ནོར་བུ་ཡག་ཤོས་དེ་ལྟ་བུར་གྱུར་བའི་གནས་ཚུལ་གསལ།

ལྷ་ཁང་གཙང་བཟོ་བྱེད་ཀྱིན་བསྐྱར་གཟོའི་ལས་འཆར་བསྒྲིག་བཞིན་པ། ཧྥ་རན་སིའི་སྲིད་ཛིན་གྱིས་བརྗོད་གསལ་ལྟར་ན། ལས་གཞི་དེར་ཁྱོན་ལོ་ལྔ་འགོར་ངེས་སྐོར་གསལ།#French President Macron says he wants Notre Dame Cathedral rebuilt in 5 years.

སྟབས་ལེགས་པའི་གནས་ཚུལ་ཞིག་ནི་མེ་སྐྱོན་ཁྲོད་མེ་གསོད་རུ་མིའི་བྱས་རྗེས་འོག་ལྷ་ཁང་གི་རིན་བྲལ་རིག་དངོས་ཧ་ཅང་མང་པོ་ཞིག་བསྐྱབས་ཐུབ་ཡོད་པ་དང་། དམིགས་བསལ་རིག་དངོས་རིན་ཐང་ཆེ་ཤོས་ཤིག་ནི་སྟོན་པའི་ཡེ་ཤུའི་དབུར་གཡོགས་པའི་རྒྱན་ཆ་དེ་ཉིད་ཡིན་པར་བརྗོད་ཅིང་། དེ་གཙོས་རིན་བྲལ་གྱི་རིག་དངོས་ཧ་ཅང་མང་པོ་མེ་སྐྱོན་འོག་ནས་བསྐྱབས་ཐུབ་པ་ནི་དགའ་འོས་པའི་གནས་ཚུལ་དུ་གླེང་། ལྷ་ཁང་དེའི་ནང་དྲང་སྲོང་(Tunic of Saint Louis)ཡིའི་སྐེད་པའི་རྒྱན་གོས་དང་། རྒྱ་སེ་མེ་རྟོག་སྒེའུ་ཁུང་།-(Rose Windows) དབང་པོ་ཆེན་པོ།-(Great Organ) ནོར་ཐེར་ཌམ། དྲིལ་བུ། (Notre-Dame Bell) རིག་དངོས་སྒྱུ་རྩལ་རི་མོ་སོགས་རིན་བྲལ་གྱི་རིག་དངོས་ཧ་ཅང་མང་པོ་ཡོད་པར་བརྗོད་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།