ཧིན་སྒོར་2000རྫུན་མའི་ཉེན་བརྡ། ཐད་སྤེལ།

0
3207

རྒྱ་གར། ལྡི་ལི། སྤྱི་ལོ་2017ཟླ་12ཚེས་11ཉིན། སྙིང་ཉེ་བའི་བོད་ཀྱི་དེ་ཕོའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ད་ལྟ་རྒྱ་གར་གྱི་རྒྱལ་སྤྱིའི་གསར་ཁང་ཝི་ཡོན་(Wion)སོགས་ཀྱིས་ཁུངས་བཙན་དཔང་རྟགས་དང་བཅས་པའི་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་རྒྱ་གར་གྱི་ཤོག་ལོར་2000རྫུན་མ་འབོར་ཆེན་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་རྡེ་(Bangladesh)ནས་རྒྱ་གར་ལ་དབོར་འདྲེན་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་ཐོན་བཞིན་ཡོད་འདུག སྤྱིར་རྒྱ་གར་གྱི་དངུལ་ལོར་རྫུན་མ་དེ་དག་རྒྱུན་དུ་པག་ཀི་སི་ཐན་ནས་བཟོས་ཏེ་བལ་ཡུལ་བརྒྱུད་རྒྱ་གར་ལ་དབོར་འདྲེན་བྱེད་བཞིན་ཡོད་མོད། ཉེ་བའི་རྒྱ་གར་གྱི་དངུལ་ལོའི་གསར་བརྗེའི་རྗེས་སུ་པག་ཀི་སི་ཐན་(Pakistan)གྱི་ལས་འགུལ་དེ་ཉིད་ཧ་ཅང་འགོར་དུ་ཕྱིན་ཡོད་ཚུལ་བརྗོད། འོན་ཀྱང་། ད་སྐབས་བྷང་ལ་རྡེ་ཤིའི་ནང་དུ་རྒྱ་གར་གྱི་དངུལ་ལོར་རྫུན་མ་དེ་དག་བཟོ་སྐྲུན་བྱེད་བཞིན་ཡོད་མེད་ཀྱི་གསལ་ཁ་མེད་ཀྱང་། དེ་ཙམ་དམ་དྲག་མེད་པའི་ཡུལ་གཉིས་ཀྱི་ས་མཚམས་ནས་དངུལ་ལོར་རྫུན་མ་དེ་དག་རྒྱ་གར་ནང་འགྲེམས་སྤེལ་བྱེད་བཞིན་ཡོད་སྐོར་གླེང་བཞིན་འདུག

ཧིན་སྒོར་2000རྫུན་མའི་རྒྱབ་མདུན་གྱི་པར་རིས།

ཧིན་སྒོར་2000རྫུན་མའི་རྒྱབ་མདུན་པར་རིས།#Front and back side of a fake Rs 2000 note seized by the BSF. (HT Photo )

སྤྱིར་ཤོག་ལོར་2000ཅན་དེར་བདེ་སྲུང་ཆེད་ལས་ཁྱད་ཆོས་མི་འདྲ་བ་17ཙམ་ཡོད་པར་བརྗོད་མོད། ད་སྐབས་དངུལ་ལོར་རྫུན་མ་དེ་དག་ལ་ཁྱད་ཆོས་དེ་དག་ཕལ་མོ་ཆེ་གཅིག་མཚུངས་སུ་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་གླེང་བཞིན་འདུག འོན་ཀྱང་། ང་ཚོས་ཤོག་ལོར་དེ་དག་ལག་ཏུ་ལེན་སྐབས་ཡིན་ཅིག་གཟབ་ཙམ་བྱས་ཏེ་རྒྱུན་གཏན་ཤོག་སྒོར་ངོ་མའི་ཁྱད་ཆོས་རྣམས་ཚང་གི་ཡོད་མེད་ལྟ་ཙམ་བྱས་ཏེ་ངོས་འཛིན་ཐུབ་ནུས་ལྡན་པ་ཤ་སྟག་ཏུ་བརྗོད། དེའི་ཕྱིར་ཉེ་བའི་ཆར་གསུང་ཆོས་སོགས་ལ་དམིགས་ནས་རྒྱལ་སྤྱིའི་ཡུལ་གྲུ་དུ་མ་ཞིག་ནས་རང་རིགས་སྤུན་ཟླ་གང་མང་ཞིག་རྒྱ་གར་བརྒྱུད་དེ་འགྲིམ་འགྲུལ་བྱེད་བཞིན་ཡོད་ཅིང་། འདིར་སྡོད་སྤུན་ཟླ་དུ་མ་ཞིག་ཀྱང་འགྲིམས་འགྲུལ་བྱེད་དུས་ཡིན་སྟབས་ངེས་པར་དུ་གཟབ་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་འདུག མ་ཟད། འདི་ག་རྩོམ་སྒྲིག་པ་ལའང་ཉེ་བའི་ཆར་ཤོག་སྒོར་100ལོར་རྫུན་མ་ཞིག་རག་པའི་གནས་ཚུལ་ཡང་བྱུང་འདུག་པས། ཧིན་སྒོར་2000ཅན་གཅིག་པུ་མིན་པར་ཤོག་ལོར་ཅི་འདྲ་ཞིག་ཡིན་རུང་ངེས་པར་དུ་གཟབ་པར་འཚལ། མདོར་དོན་ང་ཚོས་གཞན་གྱི་ལག་ནས་དངུལ་ལེན་སྐབས་ཡིན་ཅིག་ལྟ་ཙམ་བྱ་རྒྱུར་ཐུགས་གནང་མཛོད།

ཉེ་སྔོན་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེན་རྟོག་པའི་ལག་ཏུ་སོན་པའི་ཧིན་སྒོར་2000རྫུན་མ།#Counterfeit Rs 2000 notes recovered by Delhi Police.

ཁྱེད་ཀྱིས་ཧིན་སྒོར་2000ངོ་མ་ཡིན་མིན་ཇི་ལྟར་ཤེས་ཐུབ་བམ།

1. ཤོག་སྒོར་དཀྱོག་ཙམ་བྱས་ཚེ་གྲུ་བཞི་ནར་མོ་དེའི་ནང་ནས་ཨང་གྲངས་2000མངོན་ཡོང་།  རྫུན་མའི་གྲུ་བཞི་ནར་མོ་དེའི་པར་གཞི་སྤུས་ཀ་ཞན་ཞིང་འཁྱོག་ཙམ་བྱས་མེད་ཀྱི་ཁྱད་པར་མེད་པར་པར་བཤུས་བྱས་པ་བཞིན་གསལ་ཡོད།

3. ཧ་ཅང་མངོན་དཀའ་བའི་ཡིག་ཆུང་ནང་‘2000’ དང་ ‘RBI’ཞེས་བྲིས་ཡོད། ཆེ་ཤེལ་གྱིས་མངོན་ཐུབ།

4. བདེ་སྲུང་གི་སྐུད་པ་ཞེས་འབོད། ཤོག་སྒོར་དེ་ཉིད་གློག་དང་འོད་ལ་གཏད་དེ་བལྟས་ཚེ་སྐུད་པ་དེའི་ཐོག་ ‘RBI’ ‘भारत’ ‘2000’ ཧ་ཅང་གསལ་པོ་མངོན་ཐུབ།  ད་དུང་། ཤོག་སྒོར་དེ་ཉིད་འགུལ་སྐྱོད་བྱེད་ཕྱོགས་ཤིག་གིས་སྐུད་པ་དེའི་ཚོན་མདོག་ལྗང་ཁུ་ནས་སྔོན་པོར་འགྱུར་གྱི་ཡོད།

7. ཤོག་སྒོར་གློག་དང་འོད་ཀྱི་ཕྱོགས་སུ་གཏད་དེ་བལྟས་ན། བར་སྟོང་དེའི་ནང་ནས་གྷན་རྡིའི་མགོ་པར་གསལ་ཡོང་ཞིང་། དེའི་འགྲམ་དུ་ཨང་གྲངས་2000ཞིག་མངོན་ཡོང་།

8. ཨང་གྲངས་2000ཆེན་པོ་དེ་ཉིད་ཤོག་སྒོར་འགུལ་སྐྱོད་བྱེད་ཕྱོགས་ཀྱིས་ཚོན་མདོག་ལྗང་ཁུ་ནས་སྔོན་པོར་འགྱུར་བར་བྱེད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།