སློབ་ཕྲུག་བུ་མོ་88དམར་ཧྲེང་ཕུད་པས་སློབ་གྲྭ་ཁྲིམས་གཏུགས། ཨ་རུ་ནཱ་ཅལ་མངའ་སྡེ།

0
1919
སློབ་ཕྲུག་ལོ་ཆུང་དེ་རིགས་ལ་ཉེས་ཆད་དེ་འདྲ་གཅོད་པ་ནི་ཕྲུ་གུའི་རང་དབང་དང་ཁེ་དབང་འཕྲོག་པར་ངོས་འཛིན་བྱེད་ཅིང་། རྒྱལ་སྤྱིའི་ཕྲུ་གུའི་ཐོབ་ཐང་ལ་བརྩི་སྲུང་མ་བྱས་པར་བརྗོད་བཞིན་འདུག#Condemning the incident, the Arunachal Pradesh Congress Committee (APCC) said such “heinous act” by the teachers might affect the students. “Tempering with a child’s dignity is against the law as well as the Constitution.

རྒྱ་གར། ཨ་རུ་ནཱ་ཅལ། སྤྱི་ལོ་2017ཟླ་11ཚེས་30ཉིན། ད་ལྟ་སྐར་15ཙམ་གྱི་སྔོན་དུ་རྒྱ་གར་དུས་བབ་གསར་ཁང་(TOI)གིས་གནས་ཚུལ་སྤེལ་གསལ། དེ་རིང་ཨ་རུ་ནཱ་ཅལ་མངའ་སྡེའི་(Arunachal Pradesh)པཱ་པུམ་པ་རེ་རྫོང་(Papum Pare)ཁུལ་ཉེན་རྟོག་པས་གསར་འགོད་པ་བརྒྱུད་འགྲེལ་བརྗོད་བྱས་དོན་ལྟར་ན། བདུན་ཕྲག་སྔོན་མའི་ནང་དུ་ཉེ་ཁུལ་གྲོང་གསེབ་ས་གྷ་ལིའི་(Sagalee)བུ་མོའི་སློབ་གྲྭ་ཞིག་ཏུ། དགེ་རྒན་འགས་སློབ་ཕྲུག་བུ་མོ་88སློབ་གྲྭའི་ཉེས་ཆད་ཀྱི་མིང་ཐོག་ནས་སློབ་ཕྲུག་ཡོངས་ཀྱི་མདུན་སར་བཙན་གྱིས་དམར་ཧྲེང་ཕུད་དུ་བཅུག་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་བཞིན་དང་ཐོག་གོ་ཐོས་མེད་པར་འཇམ་ཐིང་ངེར་གནས་མོད། ས་གྷ་ལི་གྲོང་ཁུལ་སློབ་ཕྲུག་མཐུན་ཚོགས་ཀྱིས་གནས་ཚུལ་དེ་ཉིད་ཤེས་འཕྲལ་འབྲེལ་ཡོད་དགེ་རྒན་ཁག་གསུམ་དེ་གའི་རྫོང་ཁུལ་ཉེན་རྟོག་པར་གྱོད་གཏུགས་བྱས་ཡོད་པ་རེད་འདུག ས་གནས་གནས་ཚུལ་ཐོན་ཁུངས་ནས་གསལ་བརྗོད་བྱས་དོན་ལྟར་ན་སློབ་གྲྭ་དེ་གའི་འཛིན་རིམ་6དང་7གཉིས་ཀའི་སློབ་ཕྲུག་ཡོངས་སུ་དམར་ཧྲེང་ཕུད་དུ་བཅུག་པའི་གནས་ཚུལ་བརྗོད།

ཁྲིམས་གཏུགས་པ་དང་སྐབས་དོན་གནས་ཚུལ་དང་འབྲེལ་བའི་ངོ་རྒོལ་བས་བརྗོད་དོན། ཕྲུ་གུ་དམར་ཧྲེང་དུ་ཕུད་དེ་ཉེས་ཆད་གཅོད་པ་ནི་ཁྲེལ་མེད་ཀྱི་ལས་རིགས་སུ་འཇུག་རྒྱུའི་སྟ་གོན་ཡིན་ཞིང་། རིམ་པས་ཕྲུ་གུར་འཁྲིག་སྤྱོད་དང་འབྲེལ་བའི་བརྙས་བཅོས་འཕོག་པའི་རྒྱུ་རྐྱེན་ཆགས་ཀྱི་ཡོད་ཅེས་བརྗོད་འདུག#Imposing such punishment is in total violation of child rights, and more likely it may accelerate the risk of child abuse,” the statement said.

གནས་ཚུལ་དེ་ཉིད་ཐོན་དོན་ནི་གོང་སྨྲོས་འཛིན་གྲྭ་གཉིས་ཀྱི་ནང་ནས་སློབ་གྲྭའི་དགེ་རྒན་གྱི་ཚོགས་གཙོར་ངོ་རྒོལ་གྱི་ཡིག་གེ་ཐོན་ཡོད་པ་དང་། དགེ་རྒན་ཁ་ཤས་ཡོང་སྟེ་བུ་མོ་སུ་ཞིག་གིས་ཡི་གེ་དེ་ཉིད་བྲིས་སྐོར་འདྲི་སྐབས་སློབ་ཕྲུག་རྐང་གཅིག་གིས་ཀྱང་མདུན་དུ་མ་ཐོན་སྟབས། འཛིན་རིམ་6དང་7གཉིས་ཀའི་སློབ་ཕྲུག་ཡོངས་སུ་ཕྱིར་སློབ་ཕྲུག་གཞན་གྱི་མདུན་སར་བཙན་གྱིས་དམར་ཧྲེང་ཕུད་དུ་བཅུག་ཡོད་པ་རེད་འདུག

ད་ལྟའི་ཆར་གནས་ཚུལ་དེ་དང་འབྲེལ་ཡོད་དགེ་རྒན་སུ་ཡང་འཛིན་བཟུང་བྱས་མེད་སྐོར་བརྗོད་བཞིན་འདུག འོན་ཀྱང་། གནས་ཚུལ་དེ་ཉིད་རྫོང་སྲིད་གཞུང་ནས་མངའ་སྡེ་དེ་གའི་རྒྱལ་ས་ཨི་ཊ་ན་གྷར་(Itanagar)བུད་མེད་ཉེན་རྟོག་ཚན་ཁག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། རིམ་པས་སློབ་གྲྭའི་ལས་བྱེད་དང་དགེ་རྒན་དང་། སློབ་ཕྲུག དེ་བཞིན་སློབ་ཕྲུག་གི་ཁྱིམ་བདག་བཅས་སུ་རིམ་པས་འདྲི་རྩད་བྱ་འཆར་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།