སྤྱོད་སྒོའི་ཁྲིམས་ཡིག

 

  • ཆ་འཕྲིན་དྲ་བའི་ཁྲིམས་སྲོལ་བཞིན་སྐུ་ཉིད་ཀྱིས་དྲ་བ་འདི་སྤྱོད་འགོ་ཚུགས་པ་ནས་ཉིད་ཀྱིས་དྲ་བ་དེའི་ཁྲིམས་སྲོལ་བརྩི་སྲུང་བྱ་རྒྱུའི་དང་ལེན་བྱས་ཡོད།
  • དྲ་བ་འདི་བཞིན་སྒེར་བདག་རྒྱལ་སྤྱིའི་གསར་འགྱུར་གཙོས་སྤྱི་ཚོགས་དྲ་གནས་ཀྱི་སྟེགས་བུ་ཞིག་ཡིན། དེས་ན་དུས་ཀུན་ཏུ་གཏམ་འཆལ་དང་ཕྱོོགས་ཀུན་གྱི་སྤྱི་ཚོགས་དང་མི་དམངས་ལ་གནོད་པའི་ཡིག་རིགས་གཏོང་སྤེལ་མི་རུང་། འདིར་ངེད་ཅག་ལྷན་དུ་འཆམ་མཐུན་དང་ཆེ་མཐོང་ལྡན་པའི་སྤྱི་ཚོགས་ཤིག་གི་ངོ་བོར་འབད་འབུངས་བྱ་རྒྱུ་ཡིན། དེ་ནི་ཁྱེད་དང་ངའི་གནད་དོན་མིན་ཞིང་ངེད་སྤྱི་ཚོགས་ཀྱི་ངོ་བོ་ཡིན།
  • འདིར་གསར་འགྱུར་ཅི་བཀོད་འོག་མཆན་བུ་བཏགས་འདོད་ཡོད་རིགས་ཀྱིས་དེ་དང་འབྲེལ་ཡོད་ཁྲིམས་མཐུན་དང་སྤྱི་ཚོགས་ལ་འགན་འཁུར་བའི་སྐད་ཆ་ཤོད་རྒྱུ་དང་། ཕྱོགས་མཚུངས་རང་རིགས་དོ་སྣང་ཅན་དང་སྤྱི་ཚོགས་ལ་སྨན་པའི་ཤེས་བྱ་ཁ་སྣོན་བྱ་རྒྱུ།
  • འདིར་འཁོད་གསར་འགྱུར་དང་རྩོམ་ཡིག་གང་ཡིན་རུང་ཕབ་བཤུ་བྱས་ཕྱིན་ཡོངས་ཁུངས་དྲ་བའི་གནས་ཚུལ་ཁ་གསལ་འགོད་རྒྱུ། དེ་ནི་ངེད་སྤྱི་ཚོགས་ནང་གི་ཆེད་ལས་པར་རྒྱབ་སྐྱོར་དང་རང་ཉིད་སྒེར་གྱི་ཀུན་སྤྱོད་དང་འབྲེལ་ཡོད།
  • ཕབ་བཤུ་བྱས་པའི་གསར་འགྱུར་དང་རྩོམ་ཡིག་གང་ཡིན་རུང་མ་ཡིག་རང་སོར་བརྒྱུད་བསྐུར་དང་བརྒྱུད་སྤེལ་སོགས་བྱ་རྒྱུ་ལས་ཁ་སྣོན་དང་བསྒྱུར་བཅོས་རིགས་རྩ་བ་ནས་མི་ཆོག
  • ངེད་དྲ་བ་འདིའི་གཤམ་དུ་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་དག་གི་དྲ་འབྲེལ་བཞག་ཡོད། དེ་དག་ནི་ངེད་དྲ་བའི་ཀློག་པ་པོར་ཆེད་དུ་དམིགས་ནས་གནས་ཚུལ་འཕར་མ་ཀློག་ཆེད་བཞག་པ་ཡིན་གྱི་དེ་དག་ཏུ་བཀོད་པའི་གནས་ཚུལ་དང་ཡིག་རིགས་ཀུན་ངེད་དྲ་བར་འབྲེལ་བ་དང་འགན་གང་ཡང་མེད།
  • ངེད་དྲ་བའི་ཐོག་མི་སྒེར་གྱི་གསང་བ་(ཁ་པར་ཨང་། དངུལ་ཁང་གི་བྱང་བུའི་ཨང་། སྡོད་གནས་ཁ་བྱང་། ཐོབ་ཐང་ལག་ཁྱེར་ཨང་།)སོགས་ཉར་ཚགས་བྱེད་པའི་འགན་ལེན་མེད།
  • དྲ་བ་འདི་བརྒྱུད་ནས་བཀོད་པའི་ཚོང་རྟགས་དང་ལས་རྟགས་སོགས་ཡོང་ཁུངས་སྦྱིན་བདག་སོ་སོའི་ཁེ་དབང་ཡིན་པས་གཞན་གྱིས་ཕབ་བཤུ་དང་བཅོས་བསྒྱུར་བྱས་ན་ཁྲིམས་འགལ་ཡིན།
  • ངེད་དྲ་བའི་སྤྱོད་སྒོའི་ཁྲིམས་སྲོལ་དང་ལེན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ།