སྤྱི་ལོ་2027བར་རྒྱ་གར་གྱི་དཔལ་འབྱོར་ལྡབ་གསུམ་འཕར་འཆར། དབྱེ་ཞིབ་གནས་ཚུལ།

0
983
རྒྱ་གར་གྱི་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། འབྱུང་འགྱུར་རྒྱ་དཀར་ནག་གཉིས་ནི་འཛམ་གླིང་ནང་གི་དཔལ་འབྱོར་གྱི་མཛོད་ཁང་ལྟ་བུར་འགྱུར་འཆར་ཡོད་པ་དངོས་ཡོད་དུ་གྱུར་སྐོར་གླེང་། ཚབ་མཚོན་པར་རིས།#India has the third largest number of billionaires in the world, and in the next decade, as many as 238 additional ultra high net worth individuals will join this elite club, says a report.

རྒྱ་གར། ལྡི་ལི། སྤྱི་ལོ་2018ཟླ་5ཚེས་23ཉིན། ད་ལྟ་ཆུ་ཚོད་གཉིས་ཀྱི་སྔོན་དུ་རྒྱ་གར་གྱི་དཔལ་འབྱོར་གསར་འཕྲིན་(Live Mint)དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་མ་འཇོག་དངུལ་བུན་སྐྱེད་གཏོང་དངུལ་ཁང་ཆེ་གྲས་ArfAsia Bankཡི་སྙན་ཐོ་བཏོན་གསལ་ལྟར་ན། འབྱུང་འགྱུར་སྤྱི་ལོ་2027བར་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ལྡབ་གསུམ་འཕར་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་ད་ལྟའི་ཆར་རྒྱ་གར་ནི་འཛམ་གླིང་ནང་གི་ཕྱུག་བདག་རྒྱལ་ཁབ་ཨང་དྲུག་པ་དེ་ཉིད་ཡིན་ཞིང་། འགྲོ་བཞིན་པའི་དཔལ་འབྱོར་འཕོ་འགྱུར་གྱི་གནས་བབ་ལྟར་ན་སྤྱི་ལོ་2027བར་རྒྱ་གར་ནི་འཛམ་གླིང་ནང་གི་རྒྱལ་ཁབ་ཕྱུག་ཤོས་ཨང་གསུམ་པར་འགྱུར་འཆར་ཡོད་པའི་གནས་ཚུལ་བརྗོད།

ད་ལྟ་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཁྱོན་119ཡོད་པ་དང་། སྤྱི་ལོ་2027བར་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཁྱོན་357བར་འཕར་རྒྱུ་ཡིན་པར་གསལ། དེ་མཚུངས་རྒྱ་གར་གྱི་མི་འབོར་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཀྱང་རིམ་པས་གོང་འཕེལ་ཡོང་འཆར་ཡོོད་པར་འགྲེལ་བཞིན་འདུག རྒྱལ་སྤྱིའི་དཔལ་འབྱོར་འཕོ་འགྱུར་དབྱེ་ཞིབ་སྙན་ཐོ་ལྟར་ན་འབྱུང་འགྱུར་ལོ་བཅུའི་ནང་རྒྱ་གར་གྱིས་ཨ་སྒོར་ཐེར་འབུམ་གྱི་བདག་པོ་གསར་པ་ཁྱོན་238བཟོ་འཆར་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གིས་ཁྱོན་ཨ་སྒོར་ཐེར་འབུམ་གྱི་བདག་པོ་གསར་པ་448བཟོ་འཆར་ཡོད་པ་རེད་འདུག

ད་ལྟ་རྒྱ་གར་གྱི་ཕྱུག་བདག་གྲགས་ཅན་བཅུ། གཤམ་དུ་མིང་གཞུང་དབྱིན་འགོད་ཞུས་ཡོད།#1,Mukesh Ambani 2,Dilip Shanghvi 3,Lakshmi Niwas Mittal 4,Shiv Nadar 5,Azim Premji 6,Cyrus Poonawalla 7,Gautam Adani 8,Acharya Balakrishna 9,Uday Kotak 10,Sunil Mittal and Family | Source: https://www.mapsofindia.com

སྙན་ཐོ་ལྟར་དེ་ཉིད་ལྟར་ན་2027བར་ཨ་རིར་ཨ་སྒོར་ཐེར་འབུམ་གྱི་བདག་པོ་884ཐོན་རྒྱུ་ཡིན་པ་དང་། རྒྱ་ནག་ལ་ཁྱོན་ཨ་སྒོར་ཐེར་འབུམ་གྱི་བདག་པོ་697ཐོན་རྒྱུ། རྒྱ་གར་ལ་ཨ་སྒོར་ཐེར་འབུམ་གྱི་བདག་པོ་357ཐོན་རྒྱུ་ཡིན་པ་བཅས་རྒྱ་གར་འཛམ་གླིང་ནང་གི་ཕྱུག་བདག་ཨང་གསུམ་དེ་ཉིད་དུ་འགྱུར་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག ཕྱོགས་མཚུངས་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཅིང་གི་ནང་ཨ་སྒོར་ཐེར་འབུམ་གྱི་བདག་པོའི་གྲངས་ཚད་ངེས་ཅན་འཕར་ནུས་ལྡན་པའི་རྒྱལ་ཁབ་དག་ནི་ཨུ་རུ་སུ་(142)དང་། དབྱིན་ཡུལ།(113) འཇར་མ་ནི།(90) ཧོང་ཀོང་(78)བཅས་ཆགས་ཀྱི་ཡོད་འདུག སྤྱིར་ད་ལྟ་འཛམ་གླིང་ནང་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ཁྱོན་2252ཡོད་པ་དང་། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཅིག་གི་ནང་དུ་3444བར་འཕར་རྒྱུ་ཡིན་པར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།