སེ་རི་ཡའི་སྲིད་འཛིན་ཨ་ས་ཏིས་ཀིམ་ཇུང་ཨུན་ཐུག་འཕྲད་བྱ་ཟེར། ལོ་རྒྱུས་རང་བཞིན།

0
1128
སེ་རི་ཡའི་སྲིད་འཛིན་ཨ་ས་ཏི་ངོ་མས་བརྗོད་དོན།“ང་རང་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་ཁོང་དང་ཐུག་འཕྲད་བྱ་ཆེད་བྱང་ཀོ་རི་ཡར་འགྲོ་གི་ཡིན།”ཞེས་བརྗོད་འདུག#Syrian President Bashar al-Assad to visit Kim Jong Un in North Korea, state media says.

སེ་རི་ཡ། རྡ་མ་སི་ཁོ་སི། སྤྱི་ལོ་2018ཟླ་6ཚེས་5ཉིན། མདང་དགོང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་KCNAབརྒྱུད་འགྲེལ་བརྗོད་བྱས་དོན་ལྟར། ད་ལྟ་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་ཚ་གླེང་གནས་ཚུལ་སྤེལ་བཞིན་པ་ནི། ཨ་རི་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཁ་གཏད་དུ་གྱུར་བའི་སེ་རི་ཡའི་སྲིད་འཛིན་ཨ་ས་ཏི་དང་(Bashar al-Assad)བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་རིང་མིན་ཐུག་འཕྲད་བྱ་འཆར་ཡོད་པ་དང་། དེ་ཡང་ཀིམ་ཇུང་ཨུན་གྱི་འཛིན་སྐྱོང་འོག་གི་བྱང་ཀོ་རི་ཡའི་ནང་ཕྱི་རྒྱལ་གྱི་སྲིད་འཛིན་ནམ་སྲིད་བློན་ཆེས་ཐོག་མར་ཕེབས་བསུ་བྱ་འཆར་ཡོད་པའི་གནས་ཚུལ་བརྗོད་བཞིན་འདུག 

གནས་ཚུལ་དེའི་ཐད་སེ་རི་ཡའི་སྲིད་འཛིན་ཨ་ས་ཏི་ངོ་མས་བརྗོད་དོན།“ང་རང་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་ཁོང་དང་ཐུག་འཕྲད་བྱ་ཆེད་བྱང་ཀོ་རི་ཡར་འགྲོ་གི་ཡིན།”ཞེས་བརྗོད་འདུག

ཉེ་ཆར་བསྐོ་བཞག་བྱས་པའི་སེ་རི་ཡར་རྟེན་སྡོད་བྱང་ཀོ་རི་ཡའི་གཞུང་ཚབ་གསར་པས་ཨ་ས་ཏི་ཐུག་འཕྲད་བྱེད་པར་བསྐྱོད་སྐབས།#President Bashar al-Assad of Syria, left, was visited by North Korea’s newly appointed ambassador to Damascus, Mun Jong-nam, on Wednesday.

སྤྱིར་ཉེ་བའི་ཆར་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གཉིས་ཐུག་འཕྲད་བྱས་ཟིན། འོན་ཀྱང་། ད་ལྟའི་ཆར་བྱང་ཀོ་རི་ཡའི་རྒྱལ་ཁབ་ནང་དུ་ཕྱི་རྒྱལ་གྱི་སྲིད་འཛིན་སོགས་ཆེས་མཐོའི་དབུ་ཁྲིད་སུ་ཡང་གདན་ཞུ་བྱས་པའི་ལོ་རྒྱུས་མེད། དེ་ལྟར་ད་ལན་གསར་ལམ་ཁག་ནས་གསར་འགྱུར་ཐོན་པ་ལྟར་སེ་རི་ཡའི་སྲིད་འཛིན་ཨ་ས་ཏི་རང་ཉིད་ཀྱི་རེ་འདུན་ལྟར། བྱང་ཀོ་རི་ཡས་ཡུལ་དེ་གར་གདན་ཞུ་བྱས་ཚེ་ཐུག་འཕྲད་དེ་བཞིན་རྒྱལ་སྤྱིའི་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་ཞིག་ཏུ་འགྱུར་ངེས་སུ་མངོན།

སེ་རི་ཡའི་སྲིད་འཛིན་ཨ་ས་ཏིས་ཀིམ་ཇུང་ཨུན་གྱི་ཐད་ལ་འགྲེལ་བརྗོད་བྱས་དོན།“བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱི་བློ་གྲོས་དང་ལྡན་པའི་དབུ་ཁྲིད་འོག་མཐར་ལྷོ་བྱང་ཀོ་རི་ཡ་ཆིག་སྒྲིལ་གྱི་རྒྱལ་ཁ་དེ་ཉིད་མངོན་འགྱུར་ཡོང་ངེས་རེད། དེ་བཞིན་ད་ལྟ་ཁོང་གི་བློ་གྲོས་ལྡན་པའི་དབུ་ཁྲིད་ཀྱི་བགྲོད་ལམ་དེར་རྒྱལ་སྤྱིས་བསྔགས་བརྗོད་དང་ལོ་རྒྱུས་རང་བཞིན་ཅན་གྱི་དུས་ཚིགས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།”ཅེས་བརྗོད་འདུག

འདི་ལོའི་ཟླ་4ཁོ་ནའི་ནང་དུས་གཅིག་ལ་མི་གྲངས་40རྫས་འགྱུར་འབར་རྫས་འོག་དམར་གསོད་ཕྱིན་ཡོད། དེ་དག་ཕལ་མོ་ཆེ་བྱིས་པ་ཆགས་ཡོད་པར་གསལ།#rescue workers and medics say more than 40 people were killed on 7 April in a suspected chemical attack on Douma.

དབྱིན་ཡུལ་གྱི་གསར་ཁང་གྲགས་ཅན་ལྟ་སྲུང་བའི་(The Guardian)ཐོག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསང་བའི་ལས་མིས་སྙན་ཐོ་བཏོན་པ་ལྟར་ན། བྱང་ཀོ་རི་ཡས་སེ་རི་ཡར་རྒྱང་སྐྱོད་འཕུར་མདའ་དང་རྫས་འགྱུར་འབར་རྫས་བཟོ་སྐྲུན་གྱི་ལས་གཞིའི་ཆེད་འབྲེལ་ཡོད་ཅ་དངོས་40ལྷག་སྤྲད་ཡོད་པར་བརྗོད། དེ་མཚུངས་འདས་པའི་ལོ་5ནང་ཕྱོགས་གཉིས་ཀྱིས་གསང་བའི་ངང་རྡུལ་མཚོན་སོགས་ཚད་མཐོའི་གོ་མཚོན་འབྲེལ་ཡོད་ལས་གཞིའི་ཐད་འབྲེལ་བ་བྱུང་མུས་དང་། བྱང་ཀོ་རི་ཡས་སེ་རི་ཡར་རོགས་སྐྱོར་བྱེད་བཞིན་ཡོད་སྐོར་གྱི་གསང་བའི་ཡིག་ཆ་ཕྱི་གྱར་བྱུང་སྐོར་བརྗོད་བཞིན་འདུག ད་དུང་། སྤྱི་ལོ་2017ཁོ་ནའི་ནང་བྱང་ཀོ་རི་ཡས་རྒྱལ་སྤྱིའི་ཁྲིམས་ཆད་སོགས་ལ་མ་ཉན་པར་སེ་རི་ཡ་དང་འབར་མ་གཉིས་ལ་དབྱིན་སྒོར་ས་ཡ་200ལྷག་རི་བའི་གོ་མཚོན་མ་ལག་བཙོང་ཡོད་འདུག ལྷག་དོན་དུ་སྤྱི་ལོ་2012ནས་སྤྱི་ལོ་2017བར་སེ་རི་ཡའི་གཞུང་ལ་རྫས་འགྱུར་གོ་མཚོན་བཟོ་སྐྲུན་བྱ་ཆེད་འབྲེལ་ཡོད་ཅ་དངོས་ཕལ་མོ་བྱང་ཀོ་རི་ཡས་མཁོ་སྤྲོད་བྱས་སྐོར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།