ལྡི་ལི་ནས་མོམ་བྷེ་བར་མྱུར་བགྲོད་གཞུང་ལམ། ཆུ་ཚོད་12འགྲུལ་བཞུད།

0
1530
ཚབ་མཚོན་པར་རིས།

རྒྱ་གར། ལྡི་ལི། སྤྱི་ལོ་2018ཟླ་4ཚེས་18ཉིན། དེ་རིང་རྒྱ་གར་གྱི་ཚོང་དོན་གནས་བབ་(Business Standard)གསར་ཁང་དང་རྒྱ་གར་གྱི་བང་ཆེན་སོགས་ཀྱིས་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་གྱི་ཚོང་དོན་རྒྱལ་ས་ནུབ་ཁུལ་གྲོང་ཁྱེར་མོམ་བྷེ་བར་མྱུར་བགྲོད་གཞུང་ལམ་གསར་འཛུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག སྤྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནི་རྒྱ་གར་བྱང་ཁུལ་དུ་ཆགས་ཤིང་། ནུབ་ཁུལ་གྲོང་ཁྱེར་མོམ་བྷེ་བར་ཁྱོན་སྤྱི་ལེ་1500kmཟིན་ལ་ཉེ་བ་ཡོད་ཅིང་། རྒྱུན་དུ་རྒྱལ་ནང་གཞུང་ལམ་ཨང་རྟགས་NH48བརྒྱུད་ཁྱོན་ཆུ་ཚོད་24ལྷག་འགོར་གྱི་ཡོད་པ་རེད་འདུག

གནས་ཚུལ་དེའི་ཐད་རྒྱ་གར་གཞུང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ནྭི་ཏིན་(Nitin Gadkari)ལགས་ཀྱིས་འགྲེལ་བརྗོད་གནང་དོན།“ད་ལན་གྱི་ལས་གཞི་ཆེན་པོ་འདི་བཞིན་ལོ་གསུམ་ནང་ལེགས་གྲུབ་འབྱུང་འཆར་ཡོད་པ་དང་། ལས་གཞི་དེ་ཉིད་ལ་ཁྱོན་ཧིན་སྒོར་དཀྲིགས་ཆེན་པོ་1 (trillion)གནས་ཀྱི་ཡོད་ཅིང་། དེ་སྔའི་འགྲུལ་བཞུད་དུས་ཡུན་ཆུ་ཚོད་24འགོར་གྱི་ཡོད་པ་ནས་ད་སྐབས་ཆུ་ཚོད་12ནང་ལྡི་ལི་ནས་མོམ་བྷེ་བར་འབྱོར་ཐུབ་པའི་མྱུར་ཚད་ལེགས་གྲུབ་འབྱུང་གི་རེད།”ཅེས་བརྗོད་འདུག

ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་ལམ་བཟོ་སྐྲུན་ལས་གཞི་གང་སར་འགྲོ་བཞིན་འདུག#De-congestion of Delhi NCR. A total of 10 projects are underway costing Rs 356 billion,” Ministry of Road Transport and Highway said in a statement.

རྒྱ་གར་གྱི་དུས་བབ་གསར་ཁང་གིས་བརྗོད་གསལ་ལྟར་ན། ད་ལན་གྱི་མྱུར་བགྲོད་གཞུང་ལམ་དེ་ཉིད་ཀྱིས་རྒྱ་གར་གྱི་ཆེས་དབུལ་ཕོངས་དང་རྗེས་ལུས་སུ་གནས་པའི་རྫོང་ཁག་གཉིས་འཛུགས་སྐྲུན་ལས་གཞིའི་ཚངས་ཐིག་ནང་ཚུད་ཡོད། དེ་གཉིས་ནི་ཧར་ཡ་ན་མངའ་སྡེའི་མི་ཝ་ཏི་(Mewat)རྫོང་དང་། གུ་ཇུ་ར་ཐཱི་མངའ་སྡེའི་རྡ་ཧྭོ་(Dohad)རྫོང་གཉིས་ཆགས་ཀྱི་ཡོད་འདུག་ཅེས་བརྗོད། དེ་ལྟར་ན་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་དེ་ཉིད་བརྒྱུད་རྫོང་ཁག་དེ་རིགས་ལ་ཕྱིས་འབྱུང་དཔལ་འབྱོར་གྱི་གནས་བབ་ཇེ་ལེགས་གཏོང་རྒྱུའི་གོ་སྐབས་གསར་པ་ཞིག་ཡོང་ངེས་པའི་འགྲེལ་བརྗོད་བྱེད་བཞིན་འདུག

འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ནྭ་ཏིན་ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན། “ད་ལྟའི་ཆར་རྒྱལ་ས་ལྡི་ལི་ཁོ་ནའི་ནང་འགྲིམ་འགྲུལ་ཆ་རྐྱེན་སྟབས་ཇེ་ལེགས་དང་། རླངས་འཁོར་འཚང་ཁ་ཇེ་ཉུང་དུ་གཏོང་ཆེད་ཁྱོན་ཧིན་སྒོར་ཐེར་འབུམ་356མ་གནས་འོག་ལས་གཞི་ཆེ་གྲས་10འགྲོ་མུས་རེད། ང་ཚོས་རྒྱལ་ཡོངས་ཀྱི་གཞུང་ལམ་རྙིང་པ་བསྐྱར་བཅོས་ཙམ་མིན་པར་གཞུང་ལམ་གསར་བཟོ་བྱས་ཏེ་རྒྱལ་ཁབ་ཁྱོན་ཡོངས་ཀྱི་གཞུང་ལམ་མཐུད་ཚད་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་འཆར་གཞི་ཡོད། དེ་ལྟར་འབྱུང་ན་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་ངེས་པ་པ་དངོས་ཡོད་དུ་གྱུར་ཡོད།”ཅེས་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།