རྒྱ་མི་ཞིག་གིས་བཤང་ལམ་ནང་དོ་ལུམ་མ་བླུགས་ནས་ནད་བཅོས་ཐབས་བྱས་པ།

0
2493
མཐར་སྨན་པས་གཤག་བཅོས་བྱས་ཏེ་ཁོ་པའི་བཤང་ལམ་ནང་གི་དོ་ལུམ་མ་དེ་ཉིད་ཕྱིར་བཏོན་འདུག#The 50-year-old man shoved a 30-cm eggplant up his anus after suffering for two days,

རྒྱ་ནག། པེ་ཅིན། སྤྱི་ལོ་2018ཟླ་6ཚེས་7ཉིན། དེ་རིང་རྒྱ་ནག་གི་གསར་ཁང་ཧྲང་ཧེ་བ་(Shanghaiist)ཞེས་པ་དང་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)སོགས་ཀྱིས་ཡ་མཚན་ཅན་གྱི་གནས་ཚུལ་སྤེལ་གསལ། སྤྱིར་རྒྱུན་དུ་ང་ཚོར་ནད་ཆུང་གྲས་རིགས་འབྱུང་སྐབས་རིག་གཞུང་འདྲ་མིན་ནང་སྲོལ་རྒྱུན་ནད་བཅོས་འདྲ་མིན་ཡོང་གི་ཡོད་པ་དངོས་ཡོད་རེད། དཔེར་ན། གྲོད་པར་ན་ཟུག་རྒྱག་པ་དང་སྐྲ་བུད་པ་སོགས་ཀྱི་ཐད་ང་ཚོས་ཁྱིམ་དུ་སྲོལ་རྒྱུན་གྱི་ནད་བཅོས་འདྲ་མིན་བྱེད་ཀྱི་ཡོད། འོན་ཀྱང་། ད་ལན་རྒྱ་མི་ཞིག་གིས་བསམ་ཡུལ་ལས་འདས་པའི་ནད་བཅོས་ཐབས་ལམ་ཞིག་སྤྱད་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རང་ལོ་50སོན་པའི་རྒྱ་ནག་ནས་ཡིན་པའི་སྐྱེས་པ་དེར་ཉེ་ཆར་བཙོག་པ་འགག་པའི་ནད་དྲག་པོས་ཉིན་འགར་མནར་བའི་གནས་ཚུལ་ཐོན་འདུག དེ་རྗེས་ཁོ་པས་ན་ཟུག་བཟོད་བསྲན་མ་ཐུབ་སྟབས་དོ་ལུམ་མ་(eggplant/茄子)ཧ་ཅང་ཆེན་པོ་ཞིག་རང་ཉིད་ཀྱི་བཤང་ལམ་ནང་དུ་བླུགས་ཏེ་ན་ཟུག་དང་ནད་དེ་ཉིད་བཅོས་ཐབས་བྱས་པར་བརྗོད་བཞིན་འདུག། སྟབས་མ་ལེགས་པར་དོ་ལུམ་མ་དེ་ཉིད་ཧ་ཅང་ཆེ་དྲགས་པ་དང་ཕྱོགས་གཞན་ནས་ནད་བཅོས་ཐབས་ལམ་དེ་ཉིད་ནི་འབྲེལ་མེད་དུ་གྱུར་ཏེ་ཁོ་པ་ཞེ་མེར་བ་དང་སྐྱུག་པ་བསྐྱུགས་པ་སོགས་ནད་ཇེ་སྡུག་ཏུ་གྱུར་ནས་མཐར་སྨན་ཁང་དུ་བསྐྱལ་དགོས་ཁེལ་བའི་གནས་ཚུལ་གསལ།

དོ་ལུམ་མ་དེ་ཉིད་ཁོ་པའི་གློ་བའི་མཚམས་སུ་བསླེབས་པའི་གློག་པར་པར་རིས།#His X-ray report showed that the eggplant was shoved so hard that it reached up to his lungs, causing more all the more damage to the organ.

སྨན་པས་ཁོ་པའི་གྲོད་པར་བརྟག་དཔྱད་བྱས་རྗེས་ཤེས་རྟོགས་བྱུང་གསལ། ཁོ་པའི་བཤང་ལམ་ནང་དུ་དོ་ལུམ་མ་ཧ་ཅང་ཆེན་པོ་ཞིག་བཅུག་ནས་བཞག་ཡོད་པ་ཤེས་རྟོགས་བྱུང་འདུག སྨན་པས་བརྗོད་དོན་ལྟར་ན།“ང་ཚོས་གློག་པར་བརྒྱབས་ཏེ་མཐོང་ཐུབ་པ་ནི་ཁོ་པས་བཤང་ལམ་དུ་དོ་ལུམ་མ་དེ་ཉིད་བཙན་གྱིས་བླུགས་ནས་མཐར་དོ་ལུམ་མ་དེ་ཉིད་ཁོ་པའི་གློ་བའི་འགྲམ་དུ་བསླེབས་འདུག དོ་ལུམ་མ་དེ་ཉིད་ལ་རིང་ཚད་30cmའདུག དེ་རྗེས་ང་ཚོས་གཤག་བཅོས་ཆུང་ངུ་ཞིག་བྱས་ཏེ་དོ་ལུམ་མ་དེ་ཉིད་ཕྱིར་བཏོན་པ་ཡིན།”ཞེས་བརྗོད། ཕྱིས་སུ་སྨན་པས་འགྲེལ་བརྗོད་བྱས་དོན་དུ།”ཉེན་ཚབས་ཆེ་བའི་ལས་ཀ་དེ་རིགས་ཀྱིས་ཁོག་པའི་ནང་གི་དབང་ལག་དུ་མར་གནོད་སྐྱོན་གཏོང་གི་ཡོད་པ་རེད། དེའི་ཕྱིར་བསྐྱུགས་པ་དང་ཞེ་མེར་བ། ན་ཟུག་དྲག་ཏུ་སོང་བ་བཅས་བྱུང་ཡོད། དོ་ལུམ་དེ་ཉིད་ཁོ་པའི་གློ་བའི་མཚམས་སུ་བསླེབས་འདུག”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།