རྒྱ་གར་ནང་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན། ཉེས་ཁྲིམས་ཨང་377མཚམས་འཇོག ཐད་སྤེལ།

0
1030
དེ་སྔོན་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་བྱེད་པོ་འཛིན་བཟུང་བྱུང་ཚེ་ཁྲིམས་ཡིག་ཨང་377འོག་ཁྱོན་མི་ལོ་བཅུ་ལྷག་བཙོན་འཇུག་ཉེས་ཆད་ཕོག་གི་ཡོད་འདུག#India’s supreme court has decriminalised homosexual sex in a landmark judgment for gay rights.

རྒྱ་གར། ལྡི་ལི་གསར་པ། སྤྱི་ལོ་2018ཟླ་9ཚེས་6ཉིན། ད་ལྟ་རྒྱ་གར་གྱི་NDTVསོགས་བརྙན་འཕྲིན་གསར་ཁང་ཕལ་མོ་ཆེས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། ད་ལྟ་ཆུ་ཚོད་གཅིག་ཙམ་སྔོན་དུ་རྒྱ་གར་གཞུང་ཆེས་མཐོའི་ཁྲིམས་ཁང་གིས་མཚན་མཐུན་འཁྲིག་སྤྱོད་འབྲེལ་ཡོད་ཁྲིམས་ཡིག་སྒྱུར་བཅོས་གསལ་བསྒྲགས་སྤེལ་གསལ། དེ་རིང་སྟེ་སྤྱི་2018ཟླ་9ཚེས་6ཉིན་ནས་རྒྱ་གར་གཞུང་ཆེས་མཐོའི་ཁྲིམས་ཁང་གིས་དེ་སྔ་ཁྲིམས་འགལ་དུ་བསྒྲགས་པའི་ཁྲིམས་ཡིག་ཨང་377མཚམས་འཇོག་བྱ་རྒྱུ་དང་། དེ་རིང་ནས་བཟུང་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན་ཡིན་པའི་གཏན་འབེབ་བྱས་པའི་གནས་ཚུལ་ཐོན་འདུག

དེ་སྔོན་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་བྱེད་པོ་འཛིན་བཟུང་བྱུང་ཚེ་ཁྲིམས་ཡིག་ཨང་377འོག་ཁྱོན་མི་ལོ་བཅུ་ལྷག་བཙོན་འཇུག་ཉེས་ཆད་ཕོག་གི་ཡོད་འདུག། དེ་བཞིན་གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་སྐྱེས་པའི་མཚན་མཐུན་འཁྲིག་སྤྱོད་ནི་རྒྱ་གར་གྱི་སྤྱི་ཚོགས་དང་ཡུལ་སྲོལ་གོམས་གཤིས་སོགས་ཁྱོན་ཡོངས་ལ་བརྩི་མཐོང་བྱེད་ཀྱི་མེད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག ཕྱོགས་གཞན་ནས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་སྐུ་ཞབས་རྡི་པག་མི་ཤི་ར་(Dipak Misra)ཡིས་བུད་མེད་མཚན་མཐུན་འཁྲིག་སྤྱོད་སོགས་ཀྱི་ཐད་ནས་བརྗོད་དོན།“ན་ཚོད་ཟིན་པའི་སྐྱེས་ཕོ་མོ་གཉིས་སམ། བུད་མེད་ཕན་ཚུན་གཉིས་ཀྱི་བར་དུ་འཁྲིག་སྤྱོད་འབྲེལ་ལམ་བྱུང་བ་ནི་ཁྲིམས་ཐོག་ནས་ཉེས་ཅན་པ་རེད་ཅེས་ཤོད་མི་ཐུབ།”ཅེས་བརྗོད་འདུག

དམིགས་བསལ་ད་ལྟ་རྒྱ་གར་ནང་ཡོད་མཚན་མཐུན་འཁྲིག་སྤྱོད་རྒྱབ་སྐྱོར་ཚོགས་པ་སོགས་ཁོང་ཚོར་དགའ་བསུ་ཞུ་མཁན་ཚང་མས་དགའ་སྟོན་གྱི་རྟེན་འབྲེལ་བྱེད་བཞིན་ཡོད་འདུག#“Today is a historic day,” said Anand Grover, one of the lawyers who led the case, on the lawn outside the supreme court in central Delhi.

སྤྱིར་རྒྱ་གར་ནང་སྐྱེས་པའི་མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་དུ་བརྩིས་ནས་ལོ་ངོ་160སོང་ཟིན་པར་བརྗོད་ཅིང་། ད་ལན་རྒྱ་གར་གཞུང་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་ལེགས་པོ་བྱས་པའི་བསྔགས་བརྗོད་བྱེད་བཞིན་ཡོད་འདུག དམིགས་བསལ་ད་ལྟ་རྒྱ་གར་ནང་ཡོད་མཚན་མཐུན་འཁྲིག་སྤྱོད་རྒྱབ་སྐྱོར་ཚོགས་པ་སོགས་ཁོང་ཚོར་དགའ་བསུ་ཞུ་མཁན་ཚང་མས་དགའ་སྟོན་གྱི་རྟེན་འབྲེལ་བྱེད་བཞིན་ཡོད་འདུག དགའ་སྟོན་ཞུ་མཁན་ཚོའི་འབོད་ཚིག་ནང་།“ང་རང་སྐྱེས་པ་མཚན་མཐུན་འཁྲིད་སྤྱོད་བྱ་མཁན་ཡིན། ང་རང་གང་ཡིན་པར་སྤོབས་པ་ཡོད། ང་རང་ང་རང་ཡིན། དེ་རིང་ནས་ང་ཚོ་མུ་མཐུད་ཉེས་ཅན་པ་ཆགས་ཀྱི་མེད།”སོགས་ཀྱི་འབོད་ཚིག་སྒྲོག་གིན་དགའ་ངུ་ཤོར་མཁན་ཡང་མང་པོ་མཐོང་རྒྱུ་འདུག

ཁྲིམས་ཡིག་ཨང་377ནི་རྒྱ་གར་དབྱིན་གཞུང་ཡོད་དུས་སྐབས་གཏན་འབེབ་བྱས་པ་ཞིག་ཡིན་པ་དང་། ད་བར་དུས་རབས་གཅིག་དང་ཕྱེད་ཙམ་སོང་ཟིན་ཡོད། དེ་རིང་གི་གནས་ཚུལ་དེ་དང་འབྲེལ་མཚན་མཐུན་འཁྲིག་སྤྱོད་རྒྱབ་སྐྱོར་ལས་འགུལ་བ་སྭ་ཧ་ཡིས་བརྗོད་དོན། “དེ་རིང་ནས་ང་ཚོ་ཁྲིམས་འགལ་ཉེས་ཅན་པ་ཆགས་ཀྱི་མེད། འོན་ཀྱང་། དེ་རིང་ཆེས་མཐོའི་ཁྲིམས་ཁང་ནས་ཐག་ཆོད་བྱས་ཀྱང་དོན་དངོས་ཐོག་བསམ་བློ་གནས་ཚད་སོགས་འགྱུར་ལྡོག་དངོས་གནས་འབྱུང་བར་ཉུང་མཐར་མི་ལོ་30ཙམ་འགོར་ངེས་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།