རྒྱ་གར་ནང་དུ་Kawasaki Ninja 400འཚོང་འགོ་ཚུགས། ཧིན་སྒོར་འབུམ་4.69

0
918
སྦག་སྦག་དེ་ཉིད་ཀྱི་ཁྲོམ་རའི་(ex-showroom,Delhi)གོང་ཚད་ནི་ཧིན་སྒོར་4.69ནས་འགོ་འཛུགས་ཀྱི་འདུག#he new Ninja 400 gets sharper styling and a new and updated engine. Talking about the engine, the Ninja 400 gets an all-new 399 cc parallel-twin engine that makes 44.4 bhp at 10,000 rpm.

རྒྱ་གར། ལྡི་ལི་གསར་པ། སྤྱི་ལོ་2018ཟླ་4ཚེས་2ཉིན། ད་ལྟ་ཆུ་ཚོད་གཅིག་ཙམ་སྔོན་དུ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་ཆེ་གྲས་NDTVཡི་འཕྲུལ་འཁོར་གསར་འགྱུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་གསལ། ཉི་ཧོང་གི་འཕྲུལ་འཁོར་བཟོ་སྐྲུན་ཚོང་ཚོགས་གྲགས་ཅན་ཀྭ་ཝ་ས་ཁི་Kawasakiཡིས་བཏོན་པའི་རྩེད་རིགས་སྦག་སྦག་(འཕྲུལ་རྟ་)Kawasaki Ninja 400རྟགས་ཅན་དེ་ཉིད་དེ་རིང་ནས་རྒྱ་གར་གྱི་ཁྲོམ་རར་བསླེབས་ཡོད་པའི་གནས་ཚུལ་སྤེལ་འདུག ཀྭ་ཝ་ས་ཁི་ཡིས་བཏོན་པའི་ནིན་ཇ་400རྟགས་ཅན་དེ་ཉིད་ཀྱི་བཟོ་བཀོད་སྔར་ཐོན་སྦག་སྦག་དག་ལས་དཔེ་གསར་ཅན་དུ་བསྒྱུར་ཡོད་པ་དང་། འཕྲུལ་འཁོར་མ་ལག་ཨ་མའི་ཤུགས་ཚད་399ccལྡན་ཡོད་འདུག དེ་ལྟར་ན་སྦག་སྦག་དེ་ཉིད་ཀྱི་ཤུགས་ཚད་རྒྱ་གར་ནང་ཡོད་འགྲུལ་སྐྱེལ་གླ་འཁོར་ཆུང་གྲས་ཤིག་གི་ཤུགས་ཚད་ཀྱི་ཕྱེད་ཀ་ཟིན་གྱི་ཡོད།

ཀྭ་ཝ་ས་ཁི་ནིན་ཇ་400#Kawasaki Ninja 400 Launched In India; Priced At ₹ 4.69 Lakh.

སྦག་སྦག་དེ་ཉིད་ཀྱི་ཁྲོམ་རའི་(ex-showroom,Delhi)གོང་ཚད་ནི་ཧིན་སྒོར་4.69ནས་འགོ་འཛུགས་ཀྱི་འདུག སྤྱིར་སྦག་སྦག་དེ་ཉིད་ལ་འཕྲུལ་འཁོར་ཨ་མ་ཉིས་ལྡན་(Parallel-twin Engine)ཡིན་པ་དང་། མྱུར་ཚད་ས་འཁོར་དྲུག་ལྡན་(Six Gearbox)ཡིན་པ་རེད་འདུག དེ་རིང་རྒྱ་གར་གྱི་ཀྭ་ཝ་ས་ཁིའི་ཁྲོམ་རའི་དོ་དམ་འགན་འཛིན་སྐུ་ཞབས་ཡཱ་མ་ཤི་ཏ་(Yutaka Yamashita)ཡིས་འགྲེལ་བརྗོད་བྱས་དོན།“ང་ཚོས་སྔར་ནིན་ཇ་300ཅན་བཏོན་ཟིན་པ་རེད། དེ་ནི་མྱུར་བགྲོད་རྩེད་རིགས་སྦག་སྦག་ལ་དགའ་མཁན་ལས་དང་པོ་བ་རྣམས་ལ་འཆར་འགོད་བྱས་པ་ཞིག་རེད། དེ་བཞིན་ང་ཚོས་ནིན་ཇ་600ཅན་ཡང་བཏོན་པ་རེད། དེ་ནི་རྩེད་རིགས་སྦག་སྦག་ཐད་ཆེད་ལས་པ་དག་ལ་དམིགས་པ་རེད། ད་ལན་ང་ཚོས་ནིན་ཇ་400ཅན་བཏོན་པ་རེད། དེ་ནི་རྩེད་རིགས་སྦག་སྦག་གཏོང་མཁན་ལས་དང་པོ་བ་དང་ཆེད་ལས་པ་གཉིས་ཀར་སྙོམ་སྒྲིག་འཆར་འགོད་བྱས་པ་ཞིག་ཆགས་ཀྱི་ཡོད། ད་ལན་ང་ཚོས་ནིན་ཇ་400ཅན་ཁྲོམ་རར་འདོན་སྤེལ་བྱེད་ཐུབ་པ་དེས་ནིན་ཇ་ཐོན་རིམ་འཐུས་ཚང་ཞིག་ཏུ་བསྒྱུར་ཐུབ་ཡོད་པ་བྱུང་ཡོད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།