རྒྱ་གར་གྱི་མེ་འཁོར་ནང་ཅ་དངོས་སྤྱི་རྒྱ་40ལས་འཁྱེར་མ་ཆོག ཐད་སྤེལ།

0
1616
འགྲུལ་པ་ཚོས་ངེས་དགོས་པ་ཞིག་ལ་ཅ་དངོས་ཀྱི་མང་མཐའི་ཚད་གཞི་ལས་བརྒལ་བའི་ཅ་དངོས་དག་ནི་མེ་འཁོར་གྱི་དོས་སྐྱེལ་སྒམ་ཁང་ནང་དུ་འཇོག་རྒྱུ་ལས་རང་ཉིད་དང་ལྷན་དུ་མེ་འཁོར་གྱི་ཉལ་ཁང་ནང་དུ་འཁུར་ཆོག་གི་མེད་པར་བརྗོད།#In case they found with extra luggage then prescribed limit at their arrival station, they will be charged 6 times.

རྒྱ་གར། ལྡི་ལི། སྤྱི་ལོ་2018ཟླ་6ཚེས་5ཉིན། ད་ལྟ་རྒྱ་གར་གྱི་གསར་ལམ་ཕལ་མོ་ཆེའི་གསར་འགྱུར་ཡོང་ཁུངས་སུ་གྱུར་བ་རྒྱ་གར་གསར་འགྱུར་འཐེབ་རྩ་ལྷན་ཚོགས་(PTI)ཀྱིས་གནས་ཚུལ་སྤེལ་གསལ། འདས་པའི་ལོ་ངོ་དེ་དག་རིང་རྒྱ་གར་གཞུང་མེ་འཁོར་སྤྱི་ཁྱབ་སྟངས་འཛིན་ལྷན་ཁང་དུ་སྐྱོན་བརྗོད་དང་བསམ་འཆར་གྲངས་མེད་འབྱོར་དོན་ལྟར། དེ་རིང་གཞི་ནས་རྒྱ་གར་རྒྱལ་ཡོངས་སུ་མེ་འཁོར་འགྲུལ་བཞུད་སྐབས་ཁྱེར་ཆོག་པའི་ཅ་དངོས་ཀྱི་ལྗིད་ཚད་གཏན་འབེབས་བྱས་པའི་ཁྲིམས་ལུགས་རྙིང་པ་དེ་ཉིད་དངོས་སུ་ལག་བསྟར་འགོ་འཛུགས་བྱ་གཏན་ཁེལ་བའི་གནས་ཚུལ་ཐོན་འདུག དེ་སྔོན་རྒྱ་གར་གྱི་མེ་འཁོར་རིམ་པ་འབྲིང་བ་དང་དམའ་གྲས་དག་གི་ནང་དུ་ང་ཚོས་ཁྱིམ་ཚང་གི་ཅ་དངོས་ཡོད་ཚད་སྤོས་ཀྱང་དཀའ་རྙོག་དང་འཁུར་ཆོག་མིན་གྱི་དཀའ་ངལ་མེད།

འོན་ཀྱང་། གནས་སྟངས་དེའི་འོག་ནས་འགྲུལ་བཞུད་པ་གཞན་ལ་དཀའ་ངལ་ཧ་ཅང་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། མེ་འཁོར་གྱི་གཙང་སྦྲ་དང་བདག་གཅེས་བྱ་རྒྱུ་སོགས་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པའི་གནས་ཚུལ་བརྗོད། དེའི་ཕྱིར་དེ་རིང་རྒྱ་གར་མེ་འཁོར་སྟངས་འཛིན་ལྷན་ཚོགས་ཀྱིས་ཁྲིམས་ལུགས་དེ་ཉིད་ལག་བསྟར་བྱ་གཏན་ཁེལ་ཐུབ་པ་ནི་ཕྱིན་ཆད་རྒྱ་གར་གྱི་མེ་འཁོར་ལམ་ལུགས་ཡར་རྒྱས་འགྲོ་རྒྱུའི་གཞི་རྩའི་གནད་དོན་ཞིག་ཏུ་འགྱུར་བཞིན་ཡོད་འདུག གནས་ཚུལ་དེའི་ཐད་རྒྱ་གར་གཞུང་མེ་འཁོར་སྟངས་འཛིན་ལྷན་ཚོགས་ཀྱི་འཐུས་མིས་གསར་འགོད་པར་འགྲེལ་བརྗོད་བྱས་དོན།“ང་ཚོས་ཁྲིམས་ལུགས་དེ་ཉིད་གསར་དུ་དེ་རིང་བཟོས་པ་དེ་འདྲ་མ་རེད། དོན་དངོས་ཐོག་ཁྲིམས་ལུགས་དེ་ཉིད་བཟོས་ནས་ལོ་མང་སོང་ཟིན། ང་ཚོས་ཁྲིམས་ལུགས་དེ་ཉིད་ལག་བསྟར་བྱ་རྒྱུར་ཚ་དེད་དང་ཡིག་ཐོག་ཏུ་ཡོད་པའི་ཁྲིམས་ལུགས་དེ་ཉིད་ངེས་པར་དུ་ལག་བསྟར་ཡོང་བ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

རྒྱ་གར་གྱི་ས་གནས་འགར་མེ་འཁོར་ནི་མི་དམངས་ཞབས་ཞུ་ངོ་མར་དམིགས་ནས་བཟོས་པ་ལྟར་འགྲུལ་བཞུད་པས་འཛིན་བྱང་ཉོས་པ་མངོན་རྒྱུ་མེད་པ་དང་། མེ་འཁོར་འགྲུལ་སྐབས་འཛིན་བྱང་རྟོགས་ཞིབ་བྱ་མཁན་སོགས་ཀྱང་མཐོང་རྒྱུ་མེད་པར་མངོན།#Indian Railway will charge 6 times fine if you carry luggage more than this limit from 8 June.

ཕྱོགས་གཞན་ནས་ཅ་དངོས་མང་པོ་འཁུར་དགོས་པའི་འགྲུལ་དེ་དག་སེམས་ཁྲལ་བྱ་དགོས་དོན་མེད་པ་ཞིག་ནི། འགྲུལ་བཞུད་ཀྱི་རྒྱང་ཐག་སྤྱི་ལེ་500ནང་ཚུན་དུ་མེ་འཁོར་རིམ་པ་འབྲིང་བ་ཉལ་ཁྲི་ཅན་(Sleeper)གྱི་འགྲུལ་པས་ཁྱོན་ཅ་དངོས་སྤྱི་རྒྱ་40འཁྱེར་ཆོག་གི་ཡོད་ཅིང་། གལ་སྲིད་དེ་ལས་མང་བ་འཁྱེར་དགོས་ཚེ་མཐར་འགྲུལ་པ་རེས་ཧིན་སྒོར་109སྤྲད་དེ་ཅ་དངོས་འཐོལ་པ་སྤྱི་རྒྱ་70-80བར་འཁྱེར་ཆོག་གི་ཡོད་འདུག གལ་སྲིད་འགྲུལ་པ་སུས་ཀྱང་མེ་འཁོར་ནང་ཅ་དངོས་ཚད་གཞི་ལས་བརྒལ་བ་ཁྱེར་ནས་བསྐྱོད་བཞིན་པ་མེ་འཁོར་དོ་དམ་པའི་ལག་ཏུ་སོན་ཚེ་ཉེས་ཆད་ཧིན་སྒོར་654རེ་སྤྲོད་དགོས་ཀྱི་ཡོད་འདུག དེ་མཚུངས་མེ་འཁོར་རིམ་པ་མཐོ་གྲས་གྲང་རླུང་(AC)ཅན་གྱི་ནང་དུ་ཅ་དངོས་སྤྱི་རྒྱ་50འཁྱེར་ཆོག་པ་དང་། རིན་པ་འཐོལ་པ་སྤྲད་དེ་ཁྱོན་སྤྱི་རྒྱ་100བར་འཁྱེར་ཆོག་གི་ཡོད་འདུག འོན་ཀྱང་། འགྲུལ་པ་ཚོས་ངེས་དགོས་པ་ཞིག་ལ་ཅ་དངོས་ཀྱི་མང་མཐའི་ཚད་གཞི་ལས་བརྒལ་བའི་ཅ་དངོས་དག་ནི་མེ་འཁོར་གྱི་དོས་སྐྱེལ་སྒམ་ཁང་ནང་དུ་འཇོག་རྒྱུ་ལས་རང་ཉིད་དང་ལྷན་དུ་མེ་འཁོར་གྱི་ཉལ་ཁང་ནང་དུ་འཁུར་ཆོག་གི་མེད་པར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།