འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར། ལོ་རྒྱུས་ཤེས་བྱ།

0
1543

བོད་ཀྱི་དེ་ཕོ་བོད་ཡིག་ལོ་རྒྱུས་ཤེས་བྱ།

འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་བཞིན་ཆེས་ཐོག་མར་སྤྱི་ལོ་1930ལོར་འགོ་འཛུགས་བྱས་ཡོད། དེ་ཡང་སྐབས་དེར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་(FIFA)ཀྱི་ཚོགས་གཙོ་སྐུ་ཞབས་ཇུ་ལི་སི་(Jules Rimet)ཡི་ཐག་ཆོད་དང་སྣེ་ཁྲིད་འོག་ད་ལྟ་འགྲོ་བཞིན་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་(World Cup)དེ་ཉིད་རྒྱུན་འཁྱོངས་བྱུང་བ་ཞིག་རེད། ལོ་དེར་འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཁྱོན་རྩེད་འགྲན་རུ་ཁག་13གདན་ཞུ་བྱས་ཡོད་པ་དང་། རིམ་པས་ལོ་རེ་བཞིན་འཛམ་གླིང་རྐང་རྩེད་སྤོ་ལོའི་ལམ་ལུགས་དང་ཚོགས་པ་དེ་ཉིད་གཞི་རྒྱ་ཇེ་ཆེར་གྱུར་ཏེ། མཐར་ད་ལྟའི་ཆར་ལོ་རེར་འཛམ་གླིང་བུམ་པའི་འགྲན་རྩོད་ནང་རྒྱལ་ཁབ་ཁག་32མཉམ་ཞུགས་བྱེད་བཞིན་ཡོད། དེ་ཡང་ལོ་གཉིས་ཀྱི་རིང་ཁྱོན་རུ་ཁག་200ལྷག་གི་ནང་ནས་འདེམས་སྒྲུག་བྱས་རྗེས་གཞི་ནས་འཛམ་གླིང་བུམ་པའི་འགྲན་རྩོད་ནང་ཞུགས་ཆོག་པའི་གོ་སྐབས་རག་གི་ཡོད།

ལོ་རྒྱུས་ཁྲོད་ཞིབ་ཏུ་བལྟས་ཏེ་རྒྱལ་སྤྱིའི་རྒྱལ་ཁབ་ཕན་ཚུན་བར་དུ་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཐོག་མར་སྤྱི་ལོ་1872ལོར་སི་ཀོ་ཊི་ལན་ཊིའི་(Scotland)གྲོང་ཁྱེར་གྷ་ལ་སི་གྷོའུ་(Glasgow)ཞེས་པར་དབྱིན་ཡུལ་དང་སི་ཀོ་ཊི་ལན་ཊིའི་བར་དུ་རྩེད་འདུག དུས་སྐབས་དེ་དག་ཏུ་རྐང་རྩེད་སྤོ་ལོ་ནི་དབྱིན་ཡུལ་ཙམ་ལས་རྒྱལ་སྤྱིའི་རྒྱལ་ཁབ་གཞན་གྱི་ནང་དུ་དར་ཁྱབ་བྱུང་མེད་པར་གླེང་། ཕྱིས་སུ་དུས་རབས་ཉི་ཤུའི་དུས་འགོ་ནས་རྐང་རྩེད་སྤོ་ལོ་དེ་བཞིན་རྒྱལ་སྤྱི་ཁྱོན་ལ་དར་ཁྱབ་ཆེ་ཤོས་ཀྱི་རྩེད་རིགས་ཤིག་ཏུ་གྱུར་བ་དང་། སྤྱི་ལོ་1904ཟླ་5ཚེས་22ཉིན་ཧྤ་རན་སིའི་རྒྱལ་ས་པེ་རེ་སིར་འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དངོས་སུ་དབུ་བརྙེས་ཡོད། དེ་དུས་མཉམ་ཞུགས་པ་རྒྱལ་ཁབ་ཧྤ་ར་ན་སི་དང་། བྷེལ་ཇེམ། ཊེན་མག ནེ་རྡར་ལེན་ཊི། སེའུ་གྲན། སུད་སི། འཇར་མ་ནི་བཅས་ཚུད་འདུག

སྤྱི་ལོ་1930འཛམ་གླིང་བུམ་པའི་འགྲན་རྩོད་ཐེངས་དང་པོའི་རྒྱལ་ཁ་བླངས་མཁན། ཡུ་རུ་གྷེའི།#THE VICTORIOUS NATIONAL SOCCER TEAM OF URUGUAY DURING THE 1930 WORLD CUP FINAL

རིམ་པས་རྐང་རྩེད་སྤོ་ལོ་དེ་ཉིད་དར་ཁྱབ་ཤུགས་ཆེན་ཕྱིན་རྗེས་སྤྱི་ལོ་1900དང་སྤྱི་ལོ་1904ལོར་འཛམ་གླིང་དབྱར་ཀའི་ཨོ་རྩེད་འགྲན་བསྡུར་ཁོངས་ཀྱི་རྩེད་མོར་ངོས་འཛིན་ཐོབ་ཅིང་། སྤྱི་ལོ་1906ལོར་གྷི་རི་སིའི་རྒྱལ་ས་ཨེ་ཐེན་དུ་ཨོ་རྩེད་འགྲན་བསྡུར་གྱི་འདུ་འཛོམས་ཆེན་མོའི་ཐོག་བསླེབས་ཐུབ་པ་བྱུང་ཡོད། བར་སྐབས་ཤིག་ནས་རྐང་རྩེད་སྤོ་ལོ་དར་ཁྱབ་དང་དགའ་མོས་བྱེད་མཁན་གྱི་གྲང་འབོར་འཕེལ་རྒྱས་ཕྱིན་དྲགས་པས་མི་དམངས་ཀྱི་ཁྲོད་དུ་རྐང་རྩེད་སྤོ་ལོ་དེ་ཉིད་རྩེད་འགྲན་གྱི་རྣམ་པ་ལས་ལྡོག་སྟེ་དཀྲོག་དཀྲོག་བྱེད་སའི་སྡིངས་ཆ་ཞིག་ཏུ་གྱུར་བའང་བྱུང་ཡོད་པར་གླེང་། མཐར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་རང་སྟོབས་གོང་སྤེལ་བཏང་སྟེ་རྐང་རྩེད་སྤོ་ལོ་དེ་ཉིད་ཨོ་རྩེད་འགྲན་བསྡུར་ལས་ཟུར་དུ་ཐོན་སྟེ་རང་སྐྱ་འཕེལ་བའི་ཚོགས་པ་ཆེན་པོ་ཞིག་དང་རྩེད་འགྲན་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུའི་འབད་བརྩོན་བྱས་འདུག 

མཐར་སྤྱི་ལོ་1928ལོར་འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཨོ་རྩེད་ལྷན་ཚོགས་ཁོངས་ལས་ལོགས་སུ་ཐོན་སྟེ་སྤྱི་ལོ་1930ལོར་ཆེས་ཐོག་མར་འཛམ་གླིང་བུམ་པའི་རྩེད་འགྲན་དངོས་སུ་འགོ་བཙུགས། དེ་བཞིན་སྤྱི་ལོ་1932ལོའི་དབྱར་ཀའི་ཨོ་རྩེད་འགྲན་བསྡུར་ནང་རྐང་རྩེད་སྤོ་ལོ་མེད་པ་བཟོས་ཡོད། དེ་ལྟར་འཛམ་གླིང་དམག་ཆེན་གཉིས་བྱུང་སྐབས་ཀྱང་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཚམས་འཇོག་མ་བྱས་པར་མུ་མཐུད་རྒྱུན་འཁྱོངས་བྱ་ཐབས་བྱས་ཀྱང་། སྤྱི་ལོ་1942ལོའི་འཛམ་གླིང་བུམ་པའི་འགྲན་རྩོད་དེ་ཉིད་ཕྱིར་འཐེན་བྱས་པར་གསལ།

དེ་རིང་དགོང་མོ་རྒྱ་གར་གྱི་ཆུ་ཚོད་7:30བྷེ་རི་ཛིལ་དང་མེག་སི་ཁོ་རྩེ་རྒྱུ་རེད།#Belgium vs Japan

སྤྱི་ལོ་2018འཛམ་གླིང་བུམ་པའི་འགྲན་རྩོད།

འདི་ལོའི་འཛམ་གླིང་བུམ་པའི་འགྲན་རྩོད་ནང་རྒྱུན་གཏན་བཞིན་ཁྱོན་རྒྱལ་ཁབ་ཁག་32འདེམས་ཐོན་བྱུང་ཡོད། ད་ལྟའི་ཆར་རྒྱལ་ཁབ་16ལས་ལུས་མེད་པའི་གནས་སུ་བསླེབས་ཡོད། དེ་ཡང་དེ་རིང་དགོང་མོ་རྒྱ་གར་གྱི་ཆུ་ཚོད་7:30བྷེ་རི་ཛིལ་དང་མེག་སི་ཁོ་རྩེ་རྒྱུ་ཡིན་པ་དང་། མཚན་མོ་ཆུ་ཚོད་11:30ཐོག་བྷེལ་ཇེམ་དང་ཉི་ཧོང་གཉིས་རྩེ་རྒྱུ་ཡིན་པ་རེད།

རྩེ་ཕུད་རྒྱལ་ཁབ་བཅུ་དྲུག

  • Uruguay (winners of Group A)
  • Russia (runners-up in Group A)
  • Spain (winners of Group B)
  • Portugal (runners-up in Group B)
  • France (winners of Group C)
  • Denmark (runners-up in Group C)
  • Croatia (winners of Group D)
  • Argentina (runners-up in Group D)
  • Brazil (winners in Group E)
  • Switzerland (runners-up in Group E)
  • Sweden (winners in Group F)
  • Mexico (runners-up in Group F)
  • Belgium (winners in Group G)
  • England (runners-up in Group G)
  • Colombia (winners in Group H)
  • Japan (runners-up in Group H)

མཐའི་མའི་རྟིང་རྩོད་གཉིས་པར་སོན་པའི་རྒྱལ་ཁབ་བཞི།

  • France (beat Argentina)
  • Uruguay (beat Portugal)
  • Russia (beat Spain)
  • Croatia (beat Denmark)
འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ལས་ཁུངས་ལྟེ་བ། སུད་སིའི་གྲོང་ཛུ་རིག#FIFA’s headquarters in Zurich, Switzerland.

སྤྱིར་གོ་ལའི་སྤྱི་ཚོགས་ནང་ལས་འཆར་ཆེ་ཆུང་གི་ཚད་གཞི་ནི་མ་དངུལ་དང་འགྲོ་སོང་གི་ཚད་གཞི་ལས་ཤེས་རྟོགས་ཐུབ་པ་ཞིག་རེད། སྐབས་དོན་འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་མ་དངུལ་ཇི་ཡོད་ཐད་སྐད་ཆ་མ་བཤད་པར་ཐད་ཀར་འདི་ལོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགྲོ་སོང་ཇི་སོང་ཐད་ཞིབ་ཙམ་བརྗོད་ན། འཛམ་གླིང་བུམ་པའི་འགྲན་རྩོད་ས་གནས་གོ་སྒྲིག་གི་འགྲོ་སོང་ཁྱོན་ཨ་སྒོར་ས་ཡ་627སོང་ཡོད་པ་དང་། བྱ་དགའི་མ་དངུལ་ཨ་སྒོར་ས་ཡ་400 བརྙན་འཕྲིན་ཐད་གཏོང་སོགས་ཀྱི་འགྲོ་སོང་ཨ་སྒོར་ས་ཡ་241 ཡོ་རོབ་རྐང་སྤོལ་མཐུན་ཚོགས་སོགས་ཀྱི་ལག་ནས་རྩེེད་འགྲན་པར་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་ཆོག་པའི་ཆོག་མཆན་ཞུ་རྒྱུར་ཨ་སྒོར་ས་ཡ་209 གློག་རིགས་འཕྲུལ་ཆས་དང་ཆ་འཕྲིན་འབྲེལ་ཡོད་སོགས་ལ་ཁྱོན་ཨ་སྒོར་ས་ཡ་78 རྩེད་འགྲན་སྐབས་ལྟད་མོ་ལྟ་བར་ཡོང་མཁན་གྱི་འཛིན་བྱང་བཟོ་རྒྱུར་ཁྱོན་ཨ་སྒོར་ས་ཡ་62 རུ་ཁག་ཁག་གི་སྡོད་གནས་གོ་སྒྲིག་ལ་ཨ་སྒོར་ས་ཡ་40 རྩེད་འགྲན་ཁྱོན་གྱི་འགན་བཅོལ་འགྲོ་དངུལ་ཁྱོན་ཨ་སྒོར་ས་ཡ་32 གཞན་ཙག་ཙིག་ཁྱོན་ལ་ཨ་སྒོར་ས་ཡ་211འགྲོ་གི་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།