འདས་པའི་བདུན་གཅིག་གི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གཙོ་བསྡུས།

0
1445

རྒྱ་གར། བྷེང་ལོར། སྤྱི་ལོ་2017ཟླ་11ཚེས་21ཉིན། འདས་པའི་བདུན་གཅིག་ནང་འདི་ག་རྩོམ་སྒྲིག་པ་ངལ་གསོར་བསྡད་སྟབས་བརྩེ་བའི་རང་རིགས་ཀློག་པ་པོ་རྣམས་ལ་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གི་བགྲོད་མཚམས་མ་ཆད་པའི་ཆེད། དེ་རིང་འདི་ནས་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་དེ་དག་གཙོ་བསྡུས་སྟབས་བདེ་རེ་གྲ་སྒྲིག་ཞུས་ཡོད།

སྤྱི་ལོ་2017ལོའི་འཛམ་གླིང་མཛངས་མའི་དབུ་
རྒྱན་རྒྱ་གར་ལ་ཐོབ་པ།

སྤྱི་ལོ་2017ལོའི་འཛམ་གླིང་མཛངས་མ་མཱ་ནུ་ཤི་-ཆི་ལར།#An Indian medical student has been crowned Miss World 2017 making her country the joint-most successful in the beauty pageant’s history.

མཱ་ནུ་ཤི་-ཆི་ལར་(Manushi Chhillar)ལགས་ནི་ད་ལོ་རང་ལོ་20ཡིན་པ་དང་། རྒྱ་གར་གྱི་བྱང་ཁུལ་མངའ་སྡེ་ཧར་ཡཱ་ན་(Haryana)ནས་ཡིན་པའི་གསོ་རིག་སློབ་མ་ཞིག་ཡིན་པ་རེད་འདུག ད་ལན་གྱི་རྒྱལ་ཁ་དེ་ཉིད་བརྒྱུད་རྒྱ་གར་བུ་མོས་འཛམ་གླིང་མཛངས་མའི་དབུ་རྒྱན་བླངས་པ་ཐེངས་དྲུག་པ་དེ་ཉིད་ཆགས་ཀྱི་འདུག སྤྱི་ལོ་2000ལོར་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་པི་རི་ཡང་ཀ་ཅོབ་ར་(Priyanka Chopra)ཡིས་འཛམ་གླིང་མཛངས་མའི་དབུ་རྒྱན་བླངས་པ་ནས་འདས་པའི་ལོ་ངོ་17རིང་རྒྱ་གར་གྱིས་འཛམ་གླིང་མཛངས་མའི་དབུ་རྒྱན་བླངས་ཐུབ་མཁན་བྱུང་མེད་པ་རེད་འདུག

མི་མགོ་བརྗེ་རྒྱུའི་གཤག་བཅོས་ཀྱི་སྟ་གོན་ལམ་
ལྷོངས་བྱུང་ཟིན་ཟེར།

ཨི་ཊ་ལི་ནས་ཡིན་པའི་ཀླད་རྩའི་གཤག་བཅོས་སྨན་པ་གྲགས་ཅན་སེར་གྷི་ཡོ་ཡི་གསལ་བསྒྲགས་པར་རིས།#World’s first human HEAD transplant is ‘successfully’ carried out on a corpse (now all he needs to do is try it on a live person)

ཨི་ཊ་ལི་(Italy/意大利)ནས་ཡིན་པའི་ཀླད་རྩའི་གཤག་བཅོས་སྨན་པ་གྲགས་ཅན་སེར་གྷི་ཡོ་(Sergio Canavero)ཡིས་ཉེ་སྔོན་གསལ་བསྒྲགས་སྔོན་སོང་ལྟར་ཉིན་ཤས་སྔོན་བསྐྱར་དུ་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་གསལ། ཁོང་གིས་མི་མགོ་བརྗེ་རྒྱུའི་གཤག་བཅོས་ཀྱི་སྟ་གོན་དེ་བཞིན་མི་རོའི་ཐོག་ཏུ་བྱས་ཟིན་ཞིང་། དེ་ནི་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་ཆེས་ཐོག་མར་མི་རོའི་ཐོག་ཏུ་མི་མགོ་བརྗེ་རྒྱུའི་གཤག་བཅོས་ཀྱི་ཚོད་ལྟ་བྱས་པ་དེ་ཉིད་ཆགས་ཀྱི་ཡོད་འདུག ཁོང་གིས་བརྗོད་གསལ། བརྒྱུད་རིམ་དེའི་ཁྲོད་མགོ་དང་གཟུགས་པོའི་གཙོ་གནད་དུ་ཁེལ་བའི་ཀླད་རྩའི་མཐུད་མཚམས་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། གཟུགས་པོའི་ཁྲག་རྩ་ཁྱོན་ཡོངས་ནས་འབྲེལ་མཐུད་ཐུབ་པ། དེ་བཞིན་གཟུགས་པོའི་རྩ་དཀར་ཡོངས་སུ་བདེ་བླགས་ངང་མཐུད་ཐུབ་པ་བྱུང་ཡོད། དེ་ལྟར་ན་ད་ལྟའི་ཆར་མི་མགོ་བརྗེ་རྒྱུའི་གཤག་བཅོས་དངོས་བྱ་ཆོག་པ་ཞིག་རེད།”ཅེས་བརྗོད།

ཀུ་ཤུ་ཁ་པར་བཅུ་པའི་དཀའ་ངལ།

ཀུ་ཤུ་ཁ་པར་ཐོན་རིམ་བཅུ་པ།#iPhone X edition

ཉེ་ཆར་ཐོན་པའི་ཀུ་ཤུ་ཁ་པར་ཐོན་རིམ་བཅུ་པ་(iPhone X)ནི་ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོམ་རའི་ནང་གི་ཁ་པར་རིན་གོང་མཐོ་ཤོས་དེ་ཉིད་ཡིན་ཞིང་། ཚན་རྩལ་གྱི་ཐད་ནས་བརྗོད་ཀྱང་ཕྱོགས་ཀུན་ལས་སྔོན་ཐོན་དང་སྤུས་ལེགས་སུ་བརྗོད་བཞིན་ཡོད་མོད། ཀུ་ཤུ་ཁ་པར་བཅུ་པ་དེ་ཉིད་ཁྲོམ་རའི་ནང་འགྲེམས་སྤེལ་བྱེད་འགོ་ཚུགས་རྗེས། རིམ་པས་གནམ་གཤིས་གྲང་ངར་ཆེ་སར་རང་བཞིན་གྱིས་ཁ་པར་གྱི་འཆར་ཤེལ་བེད་མེད་དུ་གྱུར་བའི་དཀའ་ངལ་དུ་མ་ཞིག་ཐོན་ཡོད་འདུག དེའི་ཕྱིར་ཁ་སང་ཀུ་ཤུ་ཚོང་ཚོགས་ཀྱིས་དཀའ་ངལ་དེ་ཉིད་རང་འགུལ་ངང་སེལ་ནུས་ལྡན་པའི་མ་ལག་ཁ་སྣོན་(iOs Update)གསར་འགྲེམས་བྱས་ཡོད་པ་དང་། ཁྱེད་ཀྱིས་ཐད་ཀར་རང་ཉིད་ཀྱི་ཀུ་ཤུ་ཁ་པར་གྱི་མ་ལག་ཁ་སྣོན་གྱི་ནང་དུ་སོང་ནས་ཕབ་ལེན་བྱས་ཆོག་པ་ཞིག་རེད་འདུག

འཛམ་གླིང་ནང་གི་རི་མོ་རིན་གོང་མཐོ་ཤོས་
འགྲེམས་འཚོང་བྱས་པ།

ཨི་ཊ་ལིའི་རི་མོའི་སྒྱུ་རྩལ་བ་ལིའོ་ནར་ཊོ་-ཝིན་སི་ཡིས་བྲིས་པའི་སྟོན་པ་ཡི་ཤུའི་སྣུམ་ཚོན་རི་མོ་དེའི་གོང་ཚད་ཀྱིས་འཛམ་གླིང་མི་དམངས་ཧད་པར་བྱས་ཡོད།#Leonardo da Vinci Painting Sells for $450.3 Million, Shattering Auction Highs.

ཨི་ཊ་ལིའི་རི་མོའི་སྒྱུ་རྩལ་བ་ལིའོ་ནར་ཊོ་-ཝིན་སི་(Leonardo da Vinci)ཡིས་བྲིས་པའི་སྟོན་པ་ཡི་ཤུར་རིག་གནས་བསྐྱར་དར་སྐབས་ཀྱི་གོས་ཀྱི་བཀླུབས་པའི་སྣུམ་ཚོན་རི་མོ་དེ་ཉིད་བདུན་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་དཔལ་འབྱོར་རྒྱལ་ས་ནེའུ་ཡོག་གྲོང་ཁྱེར་ནས་རིན་སྤར་འགྲེམས་འཚོང་བྱས་ཤིང་། རི་མོ་དེ་ནི་ལོ་ངོ་500ལྷག་སོང་བའི་རྩ་ཆེའི་རིག་དངོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག སྐབས་དེར་རི་མོ་དེར་རིན་གོང་ཁྱོན་ཨ་སྒོར་ས་ཡ་450(ཧིན་སྒོར་བྱེ་བ་2900)བྱས་ཏེ་བཙོང་ཡོད་པ་དང་། ད་བར་འཛམ་གླིང་ནང་གི་རིག་དངོས་རི་མོ་རིན་གོང་མཐོ་ཤོས་དེར་གྱུར་ཡོད་འདུག

པག་ཀི་སི་ཐན་གྱིས་ལོ་ངོ་1700ལྷག་སོང་བའི་
སྟོན་པའི་སྐུ་འདྲ་ཕྱིར་བསྒྲགས།

གནས་ཚུལ་དེ་ཉིད་ཐོན་རྗེས་མི་དམངས་ལ་ཕྱིར་བསྒྲགས་བྱས་པའི་ཉེ་འཁོར་གྱི་གནའ་ཤུལ། གནས་ཚུལ་དེ་དག་བརྒྱུད་ས་གནས་དེ་དག་ཏུ་སྔར་ནང་པའི་བསྟན་པ་ཤུགས་ཆེན་དར་ཡོད་པ་ར་སྤྲོད་བྱེད་བཞིན་ཡོད་འདུག#tatues are seen after being discovered and unveiled to the public, during a ceremony at the Buddhist-period archeological site near Haripur, in Khyber Pakhtunkhwa (KPK) province, Pakistan, November 15, 2017.

པག་ཀི་སི་ཐན་གཞུང་གིས་ཡུལ་དེ་གའི་ཡུལ་སྐོར་ཚོང་ལས་གོང་འཕེལ་དང་ཤུགས་སྣོན་ཡོང་ཆེད། སྟོན་པ་སྐུ་མྱ་ངན་ལས་འདས་པ་སྐུ་འདྲ་རྙིང་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་འདུག རིག་དངོས་དང་གནའ་ཤུལ་ཆེད་ལས་པས་འགྲེལ་བརྗོད་བྱས་དོན་ལྟར་ན་སྐུ་འདྲ་དེ་ནི་དུས་རབས་གསུམ་པའི་ནང་གི་སྐུ་འདྲ་ཞིག་ཡིན་པ་དང་། ད་སྐབས་འཛམ་གླིང་ནང་གི་སྟོན་པ་མྱ་ངན་ལས་འདས་པའི་སྐུ་འདྲ་རྙིང་ཤོས་དེ་ཉིད་ཆགས་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་སྐབས་དོན་སྟོན་པའི་སྐུ་འདྲ་དེ་ཉིད་རྙེད་ཡུལ་གྱི་ས་གནས་ཁའེ་བྷར་(Khyber Pakhtunkhwa)ཞེས་པའི་ས་གནས་དེ་ནས་ཁྱོན་སྟོན་པའི་སྐུ་ཆས་སོགས་འབྲེལ་ཡོད་ཅ་དངོས་རྙིང་པ་འདྲ་མིན་500ལྷག་རྙེད་སོན་བྱུང་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།