ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་དྲ་བ་དངོས་སུ་ཤར་གཏོང་།

0
285

བོད་ཀྱི་དེ་ཕོ་ཚོང་ལས་གོང་འཕེལ་གླ་ཡོད་བརྡ་ཁྱབ།
འདོན་ཐེངས་དང་པོ།

རིག་གནས་ཤིག་དུས་དང་མཚུངས་པའི་སྒོ་ནས་ཡར་རྒྱས་དང་དར་འཕེལ་འགྲོ་དགོས་ཚེ། ང་ཚོས་ཕྱོགས་ཀུན་ནས་འབད་བརྩོན་བྱེད་དགོས་ཤིང་། ཡང་སྒོས་དེང་དུས་རིག་གནས་ཚན་རྩལ་ཁྱབ་ཁོངས་ནས་རང་མི་རིགས་ཀྱི་སྐད་ཡིག་དེ་ཉིད་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་དགོས་པ་ནི་ང་ཚོའི་དམིགས་ཡུལ་གལ་ཆེན་ཞིག་ཅིས་ཀྱང་མིན། དེའི་ཕྱིར་ན་གཞོན་དྲ་བའི་ལག་རྩལ་བ་ཟངས་དཀར་ཚུལ་ཁྲིམས་ལགས་ཀྱིས་འཚོ་ཐབས་འཚོལ་རྒྱུའི་ཐབས་ལམ་འདྲ་མིན་བཞག་སྟེ། རང་རེའི་སྤྱི་ཚོགས་འདིའི་རིག་གནས་བྱ་གཞག་གི་མདུན་སྐྱོད་ལ་སྨན་པའི་དེང་དུས་ཆ་འཕྲིན་འབྲེལ་ཡོད་རིག་གནས་ལག་རྩལ་ཞབས་ཞུའི་དཔུང་ཁག་གསར་པ་ཞིག་ཆེད་འཛུགས་བྱས་ཡོད་པའི་གཏམ་བཟང་ཞུ་རྒྱུ་ཡིན།

ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་ང་དྲོས། #Zee Tech Service Center

འདི་ག་བོད་ཀྱི་དེ་ཕོ་གསར་ཁང་གི་བརྡ་ཁྱབ་རྩོམ་སྒྲིག་པས་ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་ལ་རྒྱུས་ལོན་བྱས་པ་བརྒྱུད། ཁོང་ཚོའི་ལས་མི་རྣམས་ནི་ཆེད་ལས་ཐད་གོམས་མཐར་ཕྱིན་པའི་བོད་རིགས་ན་གཞོན་ཤེས་ཡོན་ཅན་ཤ་སྟག་ལས་གྲུབ་པ་ཞིག་དང་། ཁོང་ཅག་གིས་བཟོས་ཟིན་པའི་དྲ་བའི་མཛེས་རིས་དག་ཀྱང་ཟང་ཟིང་མང་ཞིང་མིག་ལ་མི་མཛེས་པའི་ཆ་རྩ་བ་ནས་བྲལ། དེ་ནི་གནའ་དེང་ཟུང་འབྲེལ་གྱི་དྲ་བའི་ཁྱད་ཆོས་སྤུས་གཙང་ཞིག་རང་རེའི་སྤྱི་ཚོགས་ཀྱི་རྒྱུན་ལྡན་དྲ་བའི་ལམ་ལུགས་འདིར་ལེགས་བཅོས་དང་། གསལ་དག་གཙང་མཛེས་མྱུར་བ་བཅས་ཀྱི་ལེགས་ཆ་དུ་མ་ཞིག་ཁ་སྣོན་བྱ་རྒྱུ་གཏན་ཁེལ་རེད་འདུག

 

ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་
ངོ་སྤྲོད་གནང་དོན།

ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་ནི། ཟངས་དཀར་ཚུལ་ཁྲིམས་ཀྱིས་སྣེ་ཁྲིད་པའི་ན་གཞོན་ལག་རྩལ་པའི་དཔུང་སྡེ་ཞིག་གིས་གྲུབ་པའི་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཁང་ཞིག་ཡིན། ཚན་རིག་དང་ལག་རྩལ་དར་ཁྱབ་ཆེ་ཞིང་། སྔོན་ཐོན་དང་ཡར་རྒྱས་ཀྱི་གོམ་ཁ་མགྱོགས་པའི་དུས་རབས་འདིར། ང་ཚོས་ཁུ་སིམ་པའི་ཁོར་ཡུག་འདིའི་སྟོང་ཆ་སྐོང་བར་འདོད་ཅིང་། ཀྱག་ཀྱོག་གི་ལམ་ཁ་ཡངས་པོར་གཏོད་པའི་རྨི་ལམ་གཏོང་གིན་ཡོད། དེ་བས། ང་ཚོས་དྲ་ཚིགས་གསར་བཟོ། དྲ་ཚིགས་ཀྱི་བར་སྟོང་དང་དྲ་མིང་ཉོ་སྒྲུབ། པར་རིས་སྣ་ཚོགས་བཟོ་སྒྲིག གློག་བརྙན་པར་ལེན་དང་སྒྲིག་སྦྱོར། དཔེ་དེབ་སྒྲིག་སྦྱོར་དང་པར་སྐྲུན། བོད་རྒྱ་དབྱིན་གསུམ་ཡིག་སྒྱུར་སོགས་ཀྱི་ཞབས་ཞུ་སྒྲུབ་ཀྱིན་ཡོད་པར་མ་ཟད། ཆ་འཕྲིན་ལག་རྩལ་ལ་རྒྱུས་མངའ་ཡོད་མེད་ཀྱི་ཚོང་ཤག་ཚང་མར་དགའ་བསུ་ཞུ་བཞིན་ཡོད།

ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་ང་དྲོས། #Zee Tech Service Center
ཁོང་ཚོའི་དེང་དུས་ཚན་རྩལ་རིག་གནས་ཞབས་ཞུ་ཁང་
གི་ཁྱད་ཆོས་དང་གཙོ་འཛིན་ཁག

  • ཚོང་ཤག་གི་དགོས་མཁོ་དང་དམིགས་ཡུལ་ཤེས་རྟོགས་བྱེད་པ།
  • ཞབས་ཞུའི་རྣམ་གྲངས་ཚོང་ཤག་གི་ཐུགས་འདོད་ལ་བསྟུན་པ།
  • ང་ཚོའི་དགའ་ཕྱོགས་གཙོ་བོ་དེ་ཚོང་གྲོགས་ཀྱི་མཛའ་བརྩེ་ཡིན་པ་ལས། དངུལ་ལོར་མིན།
  • ང་ཚོས་ཕུགས་རྒྱུན་རིང་བའི་ཚོང་འབྲེལ་ལས། གནས་སྐབས་ཀྱི་ཁེ་ཕན་ལ་ལྟ་གི་མེད།
  • ཚོང་ཤག་གི་དཀའ་ངལ་ལ་རོགས་རམ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོར་བརྩི་གི་ཡོད།
ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་ང་དྲོས། #Zee Tech Service Center

མཐའ་དོན། འདི་ག་གསར་ཁང་གི་བརྡ་ཁྱབ་རྩོམ་སྒྲིག་པས་ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་འགན་འཛིན་ན་གཞོན་དྲ་བའི་ལག་རྩལ་པ་ཟངས་དཀར་ཚུལ་ཁྲིམས་ལགས་ཀྱི་བཀའ་མོལ་ལ་རྒྱུས་ལོན་བྱས་པ་བརྒྱུད། ང་ཚོས་ཤེས་རྟོགས་བྱུང་བ་ཞིག་ནི་དེང་གི་དུས་སུ་ང་ཚོའི་སྤྱི་ཚོགས་ཀྱི་གཞུང་སྒེར་ཚོགས་སྡེ་ཅི་འདྲ་ཞིག་ཡིན་རུང་དྲ་བའམ་དྲ་ཚིགས་ནི་མེད་དུ་མི་རུང་བར་གྱུར་ཡོད། དེ་བཞིན་ཁོང་ཚོའི་དམིགས་ཡུལ་ནི་ཁྱེད་ཅག་ལ་དྲ་བའི་མཐུན་རྐྱེན་བསྐྲུན་ཐུབ་པ་ཙམ་ཞིག་མིན་པར། དྲ་བ་དེ་ཡང་གཙང་མཛེས་མྱུར་གསུམ་གྱི་ཁྱད་ཆོས་སྤུས་གཙང་ལྡན་པ་ཞིག་འཆར་འགོད་བྱ་རྒྱུ་ཡིན་པ་དེ་རེད་འདུག དེས་ན་ཁྱེད་ཅག་ལ་དྲ་བའི་ལས་རིགས་གཙོས་དཔེ་དེབ་སྒྲིག་སྦྱོར། པར་རིས་ཇུས་འགོད། ཡིག་སྒྱུར་ལས་བྱ། དྲ་ཚིགས་ཀྱི་བར་སྟོང་ཉོ་སྒྲུབ། གློག་བརྙན་པར་ལེན་སྒྲིག་སྦྱོར་སོགས་ཞབས་ཞུ་ཁང་འདི་ནས་དུས་གཅིག་ལ་མཐུན་རྐྱེན་སྦྱོར་ཐུབ་པ་ཞིག་འདུག་པས་ཁྱེད་རྣམས་ཐུགས་བློ་བདེ་པོས་ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་ལ་འབྲེལ་གཏུགས་གནང་ཆོག་པ་དེ་ཡིན།

ཟངས་ཚུལ་ལག་རྩལ་ཞབས་ཞུ་ཁང་གི་འབྲེལ་གཏུགས་བྱ་ཡུལ།

www.zeetech.info

www.facebook.com/zeetechservice

Wechat ID: zangtsul
Phone: 8352997699

བོད་ཀྱི་དེ་ཕོ་གསར་ཁང་།