མུན་ཇེ་ཨིན་བྱང་ཀོ་རི་ཡར་བབས་སོང་། ལྷོ་བྱང་རྟག་བརྟན་གྱི་ཞི་བདེར་ཕྱོགས་པ། ཐད་སྤེལ།

0
1253
གནམ་ཐང་དུ་བྱང་ཀོ་རི་ཡའི་ཕྱོགས་ནས་ཀོ་རི་ཡའི་ཆིག་སྒྲིལ་རྒྱལ་དར་སྔོན་པོ་དེ་ཉིད་འཕྱར་བཞིན། ཕེབས་བསུ་བ་དུ་མས་ལག་ཏུ་མེ་ཏོག་སྣ་ཚོགས་བཟུང་སྟེ་ཕྱོགས་གཉིས་མཛའ་བརྩེ་ཟབ་མོའི་ཕྱོགས་སུ་གོམ་པ་སྤོ་བཞིན་པའི་རྣམ་འགྱུར་ཧ་ཅང་ལེགས་པོ་བསྟན་འདུག#Moon Jae-in landing: South Korean leader arrives in Pyongyang for summit.

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2018ཟླ་9ཚེས་18ཉིན། ད་ལྟ་ཨ་རིའི་རྒྱལ་སྤྱིའི་གསར་ཁང་སི་ཨེན་ཨེན་སོགས་(CNN)གསར་ཁང་ཕལ་མོ་ཆེས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་ཞོགས་པ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་བྱང་ཀོ་རི་ཡའི་རྒྱལ་ས་ཧྥོང་ཡན་དུ་འབྱོར་ཡོད་པ་དང་། གནམ་ཐང་དུ་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་བཟའ་ཚང་ལྷན་རྒྱས་ཕེབས་བསུར་བཅར་ཡོད་པའི་གནས་ཚུལ་ཐོན་འདུག མ་ཟད། གནམ་ཐང་དུ་བྱང་ཀོ་རི་ཡའི་ཕྱོགས་ནས་ཀོ་རི་ཡའི་ཆིག་སྒྲིལ་རྒྱལ་དར་སྔོན་པོ་དེ་ཉིད་འཕྱར་བཞིན། ཕེབས་བསུ་བ་དུ་མས་ལག་ཏུ་མེ་ཏོག་སྣ་ཚོགས་བཟུང་སྟེ་ཕྱོགས་གཉིས་མཛའ་བརྩེ་ཟབ་མོའི་ཕྱོགས་སུ་གོམ་པ་སྤོ་བཞིན་པའི་རྣམ་འགྱུར་ཧ་ཅང་ལེགས་པོ་བསྟན་འདུག

ད་ལན་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་ཐུག་འཕྲད་དེ་བཞིན་ཉེ་དུས་ཕྱོགས་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ཐུག་འཕྲད་ཐེངས་གསུམ་པར་གྱུར་ཡོད་པ་དང་། དེ་ཡང་སྤྱི་ལོ་(1950-1953)ལོའི་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་བྱས་རྗེས་ཀྱི་ཞི་གྲོས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག ད་ལྟའི་གནས་ཚུལ་ཐོན་ཁུངས་དང་གཞུང་འབྲེལ་གསལ་བསྒྲགས་ཁག་ལ་གཞི་བཅོལ་ཚེ། མུན་དང་ཀིམ་གཉིས་ཀྱིས་ལྷག་བསམ་ཟོལ་མེད་ངང་མཉམ་གྲོས་བྱས་ཏེ་བྱང་ཀོ་རི་ཡའི་རྡུལ་མཚོན་གཙང་སེལ་བྱ་རྒྱུའི་ཐད་གྲོས་མོལ་ལྷུག་པོ་བྱ་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད་འདུག

དེ་རིང་ཕྱི་དྲོ་རྒྱ་གར་གྱི་ཆུ་ཚོད་3:30pm-8:00pmབར་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཕན་ཚུན་ཞི་གྲོས་ལྷུག་པོ་བྱ་རྒྱུ་ཡིན་འདུག#The two leaders will hold talks between 3.30 to 5 pm (6.30 to 8 pm IST) on Tuesday at the Paekhwawon State Guest House.

དེ་ཡང་དེ་རིང་ཕྱི་དྲོ་རྒྱ་གར་གྱི་ཆུ་ཚོད་3:30pm-8:00pmབར་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཕན་ཚུན་ཞི་གྲོས་ལྷུག་པོ་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་བྱང་ཀོ་རི་ཡའི་གཞུང་འབྲེལ་གསོལ་མགྲོན་ཁང་གྲགས་ཅན་(Paekhwawon)ལ་བསྡད་ཡོད་པ་རེད་འདུག དེ་མཚུངས་དེ་རིང་ཕྱི་དྲོའི་ཞི་གྲོས་འཚོགས་ཡུལ་ཡང་གསོལ་མགྲོན་ཁང་དེ་རང་དུ་གོ་སྒྲིག་ཞུས་ཡོད་འདུག ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ་དེ་སྔ་ཡང་ཀིམ་ཇུང་ཨུན་གྱི་ཕ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་སྔོན་མ་དག་གསོལ་མགྲོན་ཁང་དེ་རང་དུ་ཐུག་འཕྲད་དང་ཞི་གྲོས་འཚོགས་མྱོང་ཡོད་པ་རེད་འདུག

དེ་རིང་རེས་གཟའ་མིག་དམར་ཉིན་ཕྱོགས་གཉིས་བར་གྱི་ཞི་གྲོས་རིམ་པ་དང་པོ་གྲུབ་འཆར་ཡོད་པ་དང་། སང་ཉིན་རེས་གཟའ་ལྷག་པའི་ཉིན་ཀིམ་དང་མུན་གཉིས་ཞི་གྲོས་རིམ་པ་གཉིས་པ་དེ་ཉིད་བྱ་རྒྱུ་ཡིན་པར་བརྗོད། དེ་རྗེས་ཕྱོགས་གཉིས་ཀྱི་ཞི་གྲོས་ཡོངས་སུ་གྲུབ་རྗེས་དབུ་ཁྲིད་སོ་སོས་ཞི་གྲོས་ཀྱི་གྲུབ་དོན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་དང། མཐར་གནང་ཉིན་རེས་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་ལྷོ་ཀོ་རི་ཡར་ཕྱིར་ལོག་བྱ་རྒྱུའི་མཛད་རིམ་གསལ།

ཀིམ་གྱིས་མུན་བཟའ་ཚོ་ལྷན་རྒྱས་མགྲོན་ཁང་དུ་ཕེབས་བསུ་ཞུ་བཞིན་པ།#South Korea’s president and the North’s leader Kim Jong Un drove through the streets of Pyongyang together past thousands of cheering citizens Tuesday.

བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་KCNAཡིས་འགྲེལ་བརྗོད་བྱས་དོན་ལྟར་ན།“ལྷོ་བྱང་ཀོ་རི་ཡའི་ཞི་གྲོས་འདི་ཉིད་བརྒྱུད་ཕྱོགས་གཉིས་ཀྱི་བར་དུ་དམག་འཁྲུག་ཉེན་ཚབས་ཞི་བར་བྱ་རྒྱུ་དང་། གོ་སྐབས་འདི་ཉིད་བརྒྱུད་ངེད་ཅག་གི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུ། ད་དུང་། ང་ཚོས་ལྷོ་བྱང་ཀོ་རི་ཡར་འགྱུར་ལྡོག་འགྲོ་རྒྱུ་མེད་པའི་རྟག་བརྟན་གྱི་ཞི་བདེ་འཐོབ་རྒྱུར་འབད་པ་བྱ་བཞིན་ཡོད། དེ་བཞིན་ཧྥོང་ཡན་དང་ཝ་ཤིན་ཌོན་གྱི་བར་དུ་འབྲེལ་ལམ་ཇེ་བཟང་ཡོང་བ་བྱ་རྒྱུའི་དོན་དུའང་ཡིན།”ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།