མཆོད་མེ་དུས་ཆེན། ངོ་སྤྲོད་རགས་བསྡུས།

0
1365

བརྡ་ཆད། : Diwali ལེགས་སྦྱར་དུ། (Deepavali)

དེ་ནི་“Diya”ཞེས་པ་མཆོད་མེའི་དོན་དང་དེ་མཆོད་པའི་དམིགས་བསལ་ཉིན་མོར་“Diwali”ཞེས་མཆོད་མེ་དུས་ཆེན་དུ་འབོད།

སྲུང་བརྩི་བྱེད་མཁན། ཧིན་རྡུ། སཱིག གཅེར་བུ་བ། ནང་པ།

ཡུལ་གཞན་བལ་ཡུལ་ལྟ་བུར་དེ་ཉིན་དེ་མཚུངས་ཀྱི་མཆོད་མེ་དུས་ཆེན་ལ་“Tihar”ཞེས་མིང་གཞན་ཞིག་གི་འོག་ནས་སྲུང་བརྩི་བྱེད་ཀྱི་འདུག་ཀྱང་དོན་དུ་གཅིག་མཚུངས་རེད་འདུག དུས་ཆེན་དེ་སྲུང་བརྩི་བྱེད་མཁན་གཙོ་བོ་ཧིན་རྡུ་ཡིན་ཡང་གོང་འཁོད་ཆོས་ལུགས་ཁག་གིས་ཀྱང་སྲུང་བརྩི་བྱེད་ཀྱི་རེད་ཅེས་གསལ།

རྒྱ་གར་གྱི་ཁྱིམ་ཚང་ཆེ་གྲས་ཀྱིས་མཆོད་མེ་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་རྣམ་པ། #Grand Family Celebrating Diwali 2017.

དེ་ཉིན་མཆོད་པར་བྱ་ཡུལ་གྱི་ལྷ་གཙོ་བོ་“Kali”ལྷ་མོ་དང་ཧིན་རྡུའི་ཚོས་ལུགས་ཀྱི་ནོར་ལྷ་“Laximi”གསོལ་གྱི་ཡོད་འདུག

དེང་སྐབས་དུས་ཆེན་དེ་ཉིད་རོལ་སྟངས། མཆོད་མེ་སྤར་བ། གློག་མཆོད་སྤར་བ། ཁྱིམ་ལ་དམིགས་བསལ་སྒྲིག་གཤོམ་བྱེད་པ། ཉོ་ཆ་རྒྱག་པ། ཤོག་སྦག་རྒྱག་པ། ལག་རྟགས་སྤྲོད་རེས་བྱེད་པ། དམིགས་བསལ་ཆོས་ལུགས་ཀྱི་བྱེད་སྒོ་འདུ་སྐོང་བྱེད་པ། ཐུགས་སྤྲོ་གཏོང་བ། མངར་ཟས་འགྲེམས་པ་བཅས་སོ།།

མཆོད་མེ་དུས་ཆེན་ཉིན་མཆོད་ཡུལ་གཙོ་བོ་དཔལ་ལྷ་མོ་དང་། ལྷ་མོ་ནོར་རྒྱུན་མ། དབྱངས་ཅན་མ་བཅས་ལྷན་སྒྲིག#kali,laxmi, saraswati, Diwali Puja

དུས་ཚོད། སྤྱི་ལོ་ 2015 ཟླ་ 11 ཚེས་ 11 ཉིན།

སྤྱི་ལོ་ 2016 ཟླ་ 10 ཚེས་ 30 ཉིན།

སྤྱི་ལོ་ 2017 ཟླ་ 10 ཚེས་ 19 ཉིན།

དཔྱད་པའི་ཟུར་ཞིག སྤྱིར་བཏང་དུས་ཆེན་དེ་ཡང་རིམ་གྱིས་འཕོ་འགྱུར་ཕྱིན་པ་ཞིག་རེད་འདུག དུས་ཆེན་དེ་ཉིད་དེ་སྔོན་དེ་ཙམ་དར་ཁྱབ་མེད་མོད་སྟོང་ལོ་དང་པོའི་ནང་དུས་ཆེན་དེ་ཁྱོན་ཡོངས་ནས་དར་ཁྱབ་ཕྱིན་འདུག

དང་པོ། དུས་རབས་བདུན་པ་ཧར་ཤའི་རྒྱལ་པོའི་དུས་སྐབས་སུ་ལེགས་སྦྱར་གྱི་འཁྲབ་གཞུང་ནཱ་གྷ་ནཱན་རྷ་ “Nagananda” ཞེས་པའི་ནང་བག་སྟོན་ཟིན་མ་ཐག་པའི་ཁྱོ་ཤུག་གིས་མཆོད་མེ་སྤར་རྗེས་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་པར་གསལ།

གཉིས་པ། དུས་རབས་དགུ་པའི་ལེགས་སྦྱར་གྱི་སྙན་ངག་པ་རཱ་ཇ་སེག་ཀ་ར་“Rajasekhara”ཡི་བརྩམས་ཆོས་ “Kavyamimansa”ཞེས་པའི་ནང་དུ་མི་རྣམས་ཀྱིས་ཁང་པ་གཙང་མ་བཟོས་ཏེ། ཁྱིམ་ཚང་། སྲང་ལམ། ཁྲོམ་གཞུང་བཅས་སུ་མཆོད་མེའི་མཛེས་རྒྱན་གྱིས་ལེགས་པར་སྤྲས་ཞེས་གསལ།

རྒྱ་གར་ཧིན་རྡུའི་རྗེས་འབྲངས་པས་ཁྱིམ་གྱི་སྒོ་ཁར་མཆོད་མེ་དུས་ཆེན་གྱི་མཛེས་ཆོས་རི་མོའི་ལམ་ནས་མཆོད་མེ་སྒྲོན་བཞིན་པ། མཆོད་མེ་འབུལ་ལུགས་གསུམ་གྱི་ལམ་ནས་དཀོན་མཆོག་མཉེས་པར་བྱ་ཚུལ་གསུངས་འདུག#The light symbolizes knowledge, positivity and tranquility, and lighting diyas or earthen lamps on daily basis is considered highly auspicious.

གསུམ་པ། དུས་རབས་བཅུ་གཅིག་པའི་ནང་ཧྥ་རེ་ཤི་ཡའི་རྒྱལ་ཁམས་པ་“Al Biruni”ཨལ་བྷི་རུ་ནི་ཡིས་མཆོད་མེ་དུས་ཆེན་དེ་བཞིན་ཧིན་རྡུའི་ཆོས་ལུགས་པ་ཚོས་ཧིན་རྡུའི་ལོ་ཐོའི་ཟླ་བ་བརྒྱད་པ་སྟེ་“Kartika”ཞེས་པའི་གནམ་གང་ཉིན་སྲུང་བརྩི་བྱེད་ཀྱི་འདུག་ཅེས་བྲིས་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།