བརྡ་ཁྱབ་སྐོར།

བོད་ཀྱི་དེ་ཕོའི་དྲ་བའི་ཐོག་གླ་ཡོད་བརྡ་ཁྱབ།

སྐུ་ཉིད་ཀྱིས་བོད་ཀྱི་དེ་ཕོ་རྒྱལ་སྤྱིའི་བོད་ཡིག་གསར་འགྱུར་དྲ་བའི་ཐོག་རིན་གོང་འཚམ་ཞིང་འོས་བབ་ལྡན་པའི་ངང་ནས་བརྡ་ཁྱབ་བཀོད་ཆོག དེ་ཡང་ཁྱབ་རྒྱ་ཆེ་ཞིང་གཏོང་ཡུལ་ངེད་དྲ་བ་ཙམ་མ་ཟད་ངེད་དྲ་བའི་སྐད་འཕྲིན་འཕྲིན་སྟེགས། ངོ་དེབ་བཅས་ལ་དུས་གཅིག་ལ་གཏོང་རྒྱུ་ཡིན།

དེའི་ཕྱིར་དམིགས་བསལ་བོད་ཕྱི་ནང་ཀུན་ཏུ་བཞུགས་པའི་རྒྱ་ཆེའི་ཚོང་པའམ་ཁེ་ལས་པ་དག་གིས་བརྡ་ཁྱབ་ཀྱི་རིན་ཐང་ལ་དོ་སྣང་དང་དེའི་ནུས་ཚད་ལ་ཚོད་ལྟ་གནང་རྒྱུའི་རེ་བ་ཡོད། འདིར་ངེད་དྲ་བས་ཉིད་ཀྱི་ཚོང་ལས་བརྡ་ཁྱབ་ལ་ཆེ་མཐོང་དང་ཉིད་ཀྱི་ཚོང་ལས་གལ་འགངས་ཇེ་ཆེར་འཛིན་ནས་རྒྱལ་སྤྱིའི་ཚད་ལྡན་གྱི་མཐོང་སྣང་དོད་པའི་བརྡ་ཁྱབ་སྒྲིག་སྦྱོར་བྱ་རྒྱུ་ཡིན། དེ་བཞིན་གསར་ཐོན་གྱི་སྒྱུ་རྩལ་ལས་རིགས་ཀྱི་བརྡ་ཁྱབ། ལྷན་ཁང་དང་མཐོ་སློབ་ཁག་གི་གསལ་བསྒྲགས། ཚོགས་པ་ཁག་གི་གསལ་བསྒྲགས་སོགས་ཁྱབ་རྒྱ་ཆེ་བའི་ལམ་ནས་སྤེལ་རྒྱུ་ཡིན་པས་ལྷན་རྒྱས་ཕེབས་པར་དགའ་བསུ་ཡོད།