བར་སྣང་མཁའ་སྐྱོད་པ་ཚན་རིག་པ། བར་སྣང་དུ་སྡོད་རིང་ཚེ་རིང་དུ་འགྲོའམ་ཐུང་དུ་འགྲོའམ།

0
922
དེ་ཡང་འཛམ་གླིང་བར་སྣང་འབབ་ཚུགས་སུ་སྡོད་མཁན་གྱི་ཚན་རིག་པ་རྣམས་ཀྱི་འགྲོ་སྐྱོད་མྱུར་ཚད་ནི་བསམ་ཡུལ་ལས་འདས་པའི་ཚད་ལས་བརྒལ་ཞིང་། དོན་དངོས་ཐོག་ཁོང་ཚོའི་འགྲོ་སྐྱོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་27358.84Kmphལྷག་འགྲོ་གི་ཡོད་ཅིང་། ཉིན་ལྟར་ཉི་མ་འཆར་ནུབ་ཐེངས་16རེ་མཐོང་གི་ཡོད།#Daily life aboard the International Space Station moves fast. Really fast. Travelling at approximately 17,000 miles per hour, 300 miles above the Earth, astronauts watch 16 sunrises and sunsets every “day”.

ཨ་རི། ཁ་ལི་ཧྥོར་ནི་ཡ། སྤྱི་ལོ་2019ཟླ་4ཚེས་16ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་ཨོ་སི་ཁྲུ་ལི་ཡའི་བརྙན་འཕྲིན་གསར་ཁང་(9 News)དང་རྒྱ་གར་གྱི་(The Wire)སོགས་ཀྱིས་གནས་ཚུལ་སྤེལ་གསལ། འཛམ་གླིང་ནང་གི་མཁའ་སྐྱོད་ཚན་རྩལ་ཚོགས་པ་སྙན་གྲགས་ཆེ་ཤོས་(NASA-གཞུང་མཁའ་སྐྱོད་དང་བར་སྣང་ཞིབ་དཔྱོད་ཚོགས་པ།)ཡིས་ཞིབ་འཇུག་དཔྱད་ཞིབ་གླེང་དོན།  ང་ཚོས་ཟླ་བའི་གོ་ལ་དང་གཟའ་སྐར་མིག་དམར་ཐོག་དངོས་སུ་འགྲོ་བ་མིའི་རིགས་མ་མངགས་སྔོན་ཤེས་དགོས་པ་ཞིག་ནི། བར་སྣང་དུ་མཁའ་སྐྱོད་ཚན་རིག་པ་ཡུན་རིང་སྡོད་སྐབས་མིའི་གཟུགས་པོར་ཁྱད་པར་ཅི་ཞིག་བཟོ་གི་ཡོད་མིན་ངེས་པར་དུ་མཐིལ་ཕྱིན་པ་གསལ་རྟོགས་ཐུབ་དགོས་ཞེས་བརྗོད་འདུག

དེ་ཡང་འཛམ་གླིང་བར་སྣང་འབབ་ཚུགས་སུ་སྡོད་མཁན་གྱི་ཚན་རིག་པ་རྣམས་ཀྱི་འགྲོ་སྐྱོད་མྱུར་ཚད་ནི་བསམ་ཡུལ་ལས་འདས་པའི་ཚད་ལས་བརྒལ་ཞིང་། དོན་དངོས་ཐོག་ཁོང་ཚོའི་འགྲོ་སྐྱོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་27358.84Kmphལྷག་འགྲོ་གི་ཡོད་ཅིང་། ཉིན་ལྟར་ཉི་མ་འཆར་ནུབ་ཐེངས་16རེ་མཐོང་གི་ཡོད། དེ་ལྟར་ན་མཁའ་སྡོད་ཚན་རིག་པ་དག་བར་སྣང་ལ་འགྲུལ་སྐྱོད་བྱ་རིང་གཟུགས་པོའི་འཕྲོད་བསྟེན་ལ་ཁྱད་པར་ཅི་ཞིག་འབྱུང་གི་ཡོད་དམ། ཁོང་ཚོའི་ལོ་ཚད་ང་ཚོ་སའི་གོ་ལའི་ཐོག་སྡོད་མཁན་ལས་མྱུར་བ་རྒས་ཀྱི་ཡོད་དམ། ཡང་ན། གཞོན་པར་འགྱུར་བཞིན་ཡོད་དམ། ད་དུང་། བར་སྣང་གི་ཁོར་ཡུག་དེ་ཉིད་འགྲོ་བ་མིའི་རིགས་ཀྱི་གཟུགས་པོར་ཇི་ཙམ་འཕྲོད་ཀྱི་ཡོད་དམ། དྲི་གཞི་དེ་དག་ནི་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ས་དང་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད་ཅེས་གླེང་།

རྒྱལ་སྤྱིའི་བར་སྣང་འབབ་ཚུགས།#The International Space Station is a space station.

འདི་ག་བོད་ཀྱི་དེ་ཕོ་གསར་ཁང་གིས་དཔྱད་ཞིབ་ཡིག་ཚགས་ཁག་ནས་གནས་ཚུལ་མཁོ་བསྡུ་བྱས་པ་ལྟར་ན། སྤྱིར་བར་སྣང་འབབ་ཚུགས་ནི་སའི་གོ་ལ་ལས་མཐོ་ཚད་སྤྱི་ལེ་482.8kmམཚམས་སུ་ཡོད་པ་དང་། ང་ཚོའི་རྒྱུན་གཏན་གྱི་འགྲུལ་སྐྱེལ་གནམ་གྲུ་མཐོ་ཤོས་འཕུར་མཁན་དག་གིས་སའི་གོ་ལ་ལས་མཐོ་ཚད་སྤྱི་ལེ་12ལྷག་འཕུར་ཐུབ་ཀྱི་མེད། གལ་སྲིད་འགྲུལ་སྐྱེལ་གནམ་གྲུས་དེ་ལས་མཐོ་བ་འཕུར་ཚེ་གནམ་གྲུ་མཁའ་དབྱིངས་སུ་ལྡིངས་ནས་སྟངས་འཛིན་མ་ཐུབ་པར་འགྱུར་གྱི་ཡོད། དེ་ནི་མཚམས་དེ་ནས་རླུང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་དང་། དེ་ལས་མཐོ་བ་འཕུར་ཚེ་གནམ་གྲུའི་རྒྱུན་གཏན་གྱི་བྱེད་ལས་ངོ་མ་དེ་དག་བརླག་འགྲོ་གི་ཡོད། དེ་བཞིན་གནམ་གྲུ་རླུང་དང་གོ་ལའི་འཐེན་ཤུགས་ཀྱི་བྱེད་ལས་བརྟེན་གྱི་ཡོད་པས་ཡིན། དེ་ལྟར་མཁའ་སྐྱོད་ཚན་རིག་པ་དེ་དག་སའི་གོ་ལའི་ཁོར་ཡུག་དང་ཁྱོན་ཡོངས་ནས་འབྲེལ་མེད་ཀྱི་ཁོར་ཡུག་ནང་འགྲུལ་སྐྱོད་བྱ་སྐབས་དོན་དངོས་སུ་གཟུགས་པོར་ཁྱད་པར་ཅི་ཞིག་བཟོ་གི་ཡོད་མིན་ད་དུང་ཡང་གསལ་རྟོགས་མཐིལ་ཕྱིན་ཐུབ་མེད་སྐོར་བརྗོད་བཞིན་འདུག མ་ཟད། བརྟག་དཔྱད་ཞིབ་འཇུག་དང་ཚོད་ལྟ་སོགས་ཆད་མེད་ངང་བྱེད་བཞིན་ཡོད་འདུག

ཨ་རིའི་མཁའ་སྐྱོད་ཚན་རྩལ་ཚོགས་པ་(NASA)ཡིས་ལན་རྙེད་ཐབས་བྲལ་བ་ལྟ་བུའི་དྲི་གཞི་གཞན་ཞིག་ཡོད་སྐོར་བརྗོད་དོན།“མཁའ་སྐྱོད་ཚན་རིག་པ་རྣམས་བར་སྣང་དུ་འགྲུལ་སྐྱོད་བྱ་རིང་གཟུགས་པོར་འགྱུར་ལྡོག་ཅི་ཞིག་བྱུང་བ་རྣམས་གཏན་འཇགས་ཀྱི་འགྱུར་ལྡོག་ཏུ་འགྱུར་གྱི་ཡོད་དམ། ཡང་ན། ཕྱིར་སའི་གོ་ལའི་ཐོག་འབྱོར་སྐབས་འགྱུར་ལྡོག་དེ་དག་ཕྱིར་ལོག་བྱས་ཏེ་སྔར་རྒྱུན་གྱི་གཟུགས་པོའི་གནས་སྟངས་སུ་འགྱུར་གྱི་ཡོད་དམ། དེ་ནི་ནམ་ཡང་ཤེས་ཐབས་བྲལ་བ་ལྟར་རེད།”ཅེས་བརྗོད་འདུག དེའི་ཕྱིར་སྤྱི་ལོ་2015ལོར་ཚན་རྩལ་ཚོགས་པ་དེས་མཁའ་སྐྱོད་ཚན་རིག་པ་(Scott Kelly)ཁེ་ལི་དང་ཁོ་པའི་མཚེ་ཕྲུག་བུ་སྤུན་གཉིས་ཀྱི་བར་ལ་བརྟག་ཞིབ་ཆེད། མཚེ་སྤུན་གཅིག་བར་སྣང་ལ་ལོ་གཅིག་མངགས་པ་དང་། མཚེ་སྤུན་གཞན་དེ་ཉིད་ས་གོ་ལའི་ཐོག་བཞག་སྟེ་ལོ་གཅིག་རྗེས་ཀྱི་ཁོང་གཉིས་ཀྱི་གཟུགས་པོའི་གནས་སྟངས་དང་སེམས་ཁམས་སོགས་ཁྱོན་ཡོངས་ལ་ཞིབ་འཇུག་ད་དུང་ཡང་བྱེད་བཞིན་ཡོད་འདུག ཞིབ་འཇུག་དེའི་ནང་གི་དྲི་བ་གཙོ་གནད་ཅིག་ནི་དོན་དངོས་ཐོག་ལོ་གཅིག་གི་རྗེས་ལ་མཚེ་སྤུན་གཉིས་ལས་སུ་ལོ་རྒན་པར་འགྱུར་མིན་རྩོད་གཞི་དང་བརྟག་གཞིར་འགྱུར་བཞིན་གནས་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།