དགེ་རྒན་དང་མ་བྱན་གྱི་ས་མིག་གསལ་བསྒྲགས།

0
1278

བོད་ཀྱི་དེ་ཕོ་གླ་ཡོད་གསལ་བསྒྲགས།

༈ འདི་ག་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ་སློབ་གྲྭའི་སློབ་སྤྱི་གཅིག་དང་། བོད་ཡིག་དགེ་རྒན་གཅིག མ་བྱན་གཅིག་བཅས་དགོས་མཁོ་ཤིན་ཏུ་ཆེ་བས་ཆ་རྐྱེན་ཚང་ཞིང་ཞབས་ཞུ་གནང་འདོད་ཡོད་རིགས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༦ པའི་ཚེས་ ༣༠ ནང་ཚུན་གཤམ་གསལ་ཁ་བྱང་ཐོག་འདི་གར་འབྲེལ་བ་ཡོད་པ་ཞུ།

ཀ༽ སློབ་སྤྱིའི་ཆ་རྐྱེན། (༡) རབ་ལ་མཐོ་རིམ་སློབ་གཉེར་མཐར་ཕྱིན་པའི་ལག་ཁྱེར་ཡོད་པ་སྨོས་མེད་ཐོག་སློབ་གྲྭའི་འཛིན་སྐྱོང་གི་ཉམས་མྱོང་ཚད་ལྡན་ཡོད་པ། (༢) གལ་ཏེ་མ་བྱུང་ཡང་སློབ་གྲྭ་ཚད་ལྡན་ཞིག་ཏུ་དགེ་རྒན་ལོ་མང་བྱེད་མྱོང་བ།

ཁ༽ རིག་གནས་དགེ་རྒན་གྱི་ཆ་རྐྱེན། (༡) མཐོ་སློབ་རབ་འབྱམས་ (BA) པའམ་དེ་དང་མཉམ་པའི་ཕྱག་ཁྱེར་ཡོད་ཅིང་སྙན་སུམ་སོགས་བརྡ་དག་ལ་མཁས་པ། (༢) ཡང་ན་སུམ་རྟགས་དག་གསུམ་རང་སྐྱ་འཕེར་བ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་པ། (༣) དེའི་ཐོག་དབྱིན་སྐད་སློབ་ཁྲིད་ཐུབ་མཁན་ལ་དམིགས་བསལ་གྱི་དགོངས་བཞེས་གནང་རྒྱུ།

ག༽མ་བྱན་གྱི་ཆ་རྐྱེན། (༡) དེ་ཡང་རབ་ལ་ཞལ་ལག་བཟོ་སྦྱོར་གྱི་སློབ་ཐོན་ལག་ཁྱེར་ཡོད་པ། (༢) ཡང་ན་ཚོགས་སྡེ་གང་རུང་དུ་མ་བྱན་གྱི་ཉམས་མྱོང་ཉུང་མཐར་ལོ་གཅིག་ཡོད་པ། (༣) རང་ལོ་ ༥༥ ལས་མ་བརྒལ་བ།

ང་༽ཐུན་མོང་གི་ཆ་རྐྱེན། (༡) གནས་ཡུལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས། (༢) ཚད་ལྡན་སྨན་ཁང་ཞིག་ནས་གཟུགས་གཞི་བདེ་ཐང་ཡིན་པའི་ཚད་འཛིན་ངོས་སྦྱོར། (༣) ཚོགས་སྡེ་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར། (༤) ཉུང་མཐར་ལོ་གཉིས་རིང་ཞབས་ཞུ་གནང་ཐུབ་པའི་འགན་ལེན་བཅས་དགོས།

ཐོབ་ཐང་གི་སྐོར། གཟིམས་ཤག་དང་ཞལ་ལག་གུང་སེང་སོགས་ལས་བྱེད་སྤྱི་མཚུངས་ལྟར་དང་། ཟླ་རེའི་གསོལ་ཕོག་ཐད་འབྲེལ་བ་བྱུང་མཚམས་དོ་བདག་གི་འདོད་བློ་འཁེངས་ངེས་ཤིག་བཀའ་བསྡུར་ཞུ་འཐུས་ཆོག་པ་བཅས།

གློག་ཕྲིན་ཁང་བྱང་། dhakposociety@gmail.com ཁ་པར་ཨང་། 9857244668. 7018011537

གོང་གི་ཡིག་ཆ་དེ་ཉིད་PDFབརྒྱུད་ནས་གཟིགས་རོགས། DHAKP COOK