གལ་སྲིད་རྒྱ་ནག་གིས་དམར་ཐིག་ལས་བརྒལ་ཚེ་དམག་འཁྲུག་རྒྱག་ངེས་ཡིན། ཚ་གླེང་།

0
1520
སྲིད་འཛིན་རུ་རྡི་གྷོ་ཡིས་གལ་སྲིད་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་ངེད་རྒྱལ་ཁབ་ཀྱི་ཁེ་དབང་འོག་ཏུ་ཡོད་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་སོགས་ཀྱི་དམར་ཐིག་འགའ་ཡོད་པ་ལས་བརྒལ་ཚེ། ཕི་ལིིབ་ཧྤིན་གྱི་ཐེ་ཚོམ་མེད་པར་དམག་འཁྲུག་རྒྱག་ངེས་ཡིན་ཞེས་བརྗོད་འདུག#Philippine President Rodrigo Duterte will go to war with China if it crosses ‘red lines’ and claims disputed resources, foreign ministry warns.

ཕི་ལིབ་ཧྥིན། མྭ་ནི་ལ། སྤྱི་ལོ་2018ཟླ་5ཚེས་29ཉིན། དེ་རིང་ཨ་རིའི་རྒྱལ་སྤྱིའི་གསར་ཁང་CNNདང་། ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་གསར་འཕྲིན་SCMPགསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་གསལ། དེ་རིང་ཕི་ལིབ་ཧྥིན་(Philippine/菲律宾的)གྱི་ཕྱི་སྲིད་བློན་ཆེན་ཨ་ལན་པི་ཊར་(Alan Peter Cayetano)གྱིས་གསར་འགོད་པར་ལྷོ་རྒྱ་ནག་རྒྱ་མཚོའི་དཀའ་རྙོག་དང་འབྲེལ་བའི་གནས་ཚུལ་ཐད་འགྲེལ་བརྗོད་བྱས་དོན།“ང་ཚོའི་སྲིད་འཛིན་རུ་རྡི་གྷོ་ཡིས་བརྗོད་གསལ་ལྟར། གལ་སྲིད་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་ངེད་རྒྱལ་ཁབ་ཀྱི་ཁེ་དབང་འོག་ཏུ་ཡོད་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་སོགས་ཀྱི་དམར་ཐིག་འགའ་ཡོད་པ་ལས་བརྒལ་ཚེ། ཕི་ལིིབ་ཧྤིན་གྱི་ཐེ་ཚོམ་མེད་པར་དམག་འཁྲུག་རྒྱག་ངེས་ཡིན།”ཞེས་བརྗོད་འདུག

དེ་བཞིན་ཁ་སང་རེས་གཟའ་ཟླ་བའི་ཉིན་ཕྱི་སྲིད་བློན་ཆེན་ཨ་ལན་པེ་ཊར་གྱིས་རྒྱལ་སྤྱིའི་སྐྱོན་བརྗོད་འགར་ལན་འདེབས་བྱས་དོན།“རྒྱལ་སྤྱིའི་རྒྱལ་ཁབ་དུ་མ་ཞིག་གིས་ངེད་ཕི་ལིབ་ཧྥིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱ་ནག་གིས་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་པའི་ཐད་དོ་དམ་ལེགས་པོ་བྱེད་ཀྱི་མེད་སྐོར་བརྗོད་བཞིན་ཡོད། དེ་ནི་དངོས་ཡོད་གནས་ཚུལ་མིན་ལ་རྒྱ་ནག་གིས་ང་ཚོར་དམར་ཐིག་འགའ་བཏོན་པ་བཞིན་ང་ཚོས་ཀྱང་རྒྱ་ནག་ལ་དམར་ཐིག་འགའ་བཏོན་ཡོད། གལ་སྲིད་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་(South China Sea)ཕི་ལིབ་ཧྥིན་གྱི་ནུབ་ཕྱོགས་མཚོ་ཁུལ་ནས་རང་བྱུང་གཏེར་རིགས་སྔོག་འདོན་བྱ་འགོ་བཙུགས་ཚེ། གནས་ཚུལ་ཅི་འབྱུང་ལ་ཁྱད་པར་ཅི་ཡང་མེད་པར་ང་ཚོས་རྒྱ་ནག་ལ་དམག་འཁྲུག་རྒྱག་ངེས་ཡིན། སྲིད་འཛིན་རུ་རྡི་གྷོ་ཡིས་ཀྱང་དེ་ལྟར་བརྗོད་ཟིན། ང་ཚོའི་ལངས་ཕྱོགས་དེ་རང་ཡིན།”ཞེས་བརྗོད་འདུག

ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་རྒྱ་ནག་གིས་དམག་སྟོབས་རྒྱ་སྐྱེད་བྱ་འགོ་ཚུགས་པ་ནས་ཕི་ལིབ་ཧྥིན་གྱི་དམག་སྟོབས་དེང་དུས་ཅན་དུ་བསྒྱུར་རྒྱུར་མྱུར་དུ་སོང་སྐོར་བརྗོད།#According to Custodio, while China is building new bases in the South China Sea, the Philippines’ military modernisation program has made little if any headway.

སྤྱིར་འདས་པའི་བདུན་ཤས་རིང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་རྒྱ་ནག་གི་མི་བཟོས་མཚོ་གླིང་དེ་ཉིད་ཐོག་རྒྱ་ནག་བཅིངས་གྲོལ་དམག་གི་འབར་མདེལ་གཡུག་བྱེད་ཀྱི་མཁའ་དམག་གནམ་གྲུ་འབབ་འགོ་ཚུགས་པ་དང་། གནས་ཚུལ་དེ་ཉིད་དང་འབྲེལ་ཆབ་སྲིད་ཁ་གཏད་ཕྱོགས་འགལ་རྒྱལ་ཁབ་ཁག་གི་བར་དུ་འཐབ་འཛིང་གི་གནས་ཚུལ་ཛ་དྲག་ཏུ་འགྲོ་ཉེན་ཡོད་སྐོར་བརྗོད་བཞིན་འདུག གནས་ཚུལ་གཞན་ཞིག་ནི་འདས་པའི་སྤྱི་ཟླ་4ནང་ཕི་ལིབ་ཧྥིན་གྱི་སྲིད་འཛིན་རུ་རྡི་རི་གྷོ་ཡིས་རྒྱ་ནག་ལ་བསྔགས་བརྗོད་བྱས་དོན།“ང་ལ་རྒྱ་ནག་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། མ་ཟད། སྲིད་འཛིན་ཞི་ཅིན་ཕིིན་གྱི་དཔའ་སྟོབས་ལ་དགའ་གུས་ཞུ་བཞིན་ཡོད། ཁོང་གིས་ངའི་དཀའ་ངལ་གསལ་པོ་ཤེས་ཀྱི་རེད། དེ་བཞིན་རོགས་པ་ཡང་བྱེད་འདོད་ཡོད་པ་རེད། དེར་བརྟེན་ངས་རྒྱ་ནག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”ཞེས་བརྗོད་ཡོད།

འོན་ཀྱང་། ཉེ་བའི་ཕྱོགས་གཉིས་ཀྱི་གནས་ཚུལ་ཇི་བྱུང་ལ་མ་ལྟོས་པར་རྒྱལ་སྤྱིའི་གནོན་ཤུགས་སོགས་ཀྱི་གནད་དོན་འོག་ཕི་ལིབ་ཧྥིན་གྱིས་ཀྱང་རྒྱ་ནག་ལ་སྐྱོན་བརྗོད་བྱ་འགོ་ཚུགས་དོན།“ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་རྒྱ་ནག་གིས་བྱེད་སྟངས་ཚད་ལས་བརྒལ་བཞིན་འདུག ང་ཚོས་དུས་ཚོད་ངེས་ཅན་ཞིག་ལ་གཞུང་གི་འགྲོ་ལུགས་ངེས་ཅན་ཞིག་གཉེར་གྱི་རེད།”ཅེས་ཕི་ལིབ་ཧྥིན་གྱི་ཕྱི་སྲིད་བློན་ཆེན་ཨ་ལན་པེ་ཊར་ལགས་ཀྱིས་འགྲེལ་བརྗོད་བྱས་འདུག ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་འཐབ་རྩོད་བྱ་ཡུལ་གྱི་གཏེར་ཁ་གཙོ་བོ་ནི་སྣུམ་དང་རང་བྱུང་རླངས་རྫས་གཉིས་ཆགས་ཀྱི་ཡོད་པར་གསལ།

དེ་ནི་ཁས་ཉིན་ཆེས་ཐོག་མར་ཨ་རིའི་མཚོ་དམག་གི་གཏོར་རྒོལ་གྲུ་ཆེན་འབྲིང་གྲས་གཉིས་རྒྱ་ནག་གི་མི་བཟོས་མཚོ་གླིང་དེའི་ཉེ་འགྲམ་ནས་སྐོར་སྐྱོད་བྱས་པའི་གནས་ཚུལ་ཐོན་ཡོད།#USS HIGGINS: The destroyer sailed through the South China Sea much to the fury of China. Photo Credit: Daily Star UK

ཕྱོགས་གཞན་ནས་ཕྱི་སྲིད་བློན་ཆེན་ཨ་ལན་པེ་ཊར་ལགས་ཀྱིས་རྒྱ་ནག་ཁོ་ནར་སྐྱོན་བརྗོད་བྱ་རྒྱུ་མེད་སྐོར་བརྗོད་དོན།“ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་ཁོ་ནས་དམག་ཤུགས་རྒྱ་སྐྱེད་བྱ་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་པ་ནི་དྲང་བདེན་མིན། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་གྲུ་ཆེན་དུ་མ་ཞིག་སྐོར་སྐྱོད་བྱས་པ་དེ་དམག་ཤུགས་རྒྱ་སྐྱེད་བྱས་པ་མིན་ནམ། དེར་བརྟེན་ང་ཚོར་ད་ལྟའི་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དམག་ཤུགས་རྒྱ་སྐྱེད་དང་རྟེན་འཛུགས་བྱ་གི་འདུག་ཅེས་པའི་འགྲེལ་བཤད་གསལ་པོ་ཞིག་རྙེད་ཀྱི་མི་འདུག”ཅེས་བརྗོད་འདུག དེ་ནི་ཁས་ཉིན་ཆེས་ཐོག་མར་ཨ་རིའི་མཚོ་དམག་གི་གཏོར་རྒོལ་གྲུ་ཆེན་འབྲིང་གྲས་གཉིས་རྒྱ་ནག་གི་མི་བཟོས་མཚོ་གླིང་དེའི་ཉེ་འགྲམ་ནས་སྐོར་སྐྱོད་བྱས་པའི་གནས་ཚུལ་ཐོན་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།