གདང་ལ་རི་བོའི་2018ལོའི་སྙན་ངག་འགྲན་རྩོམ་གསལ་བརྡ།

0
660
___________
སྙན་ངག་པ་ཕོ་མོ་སྐྱ་སེར་དབྱེ་བ་མེད་པར་(ངེད་གདང་ལ་རི་བོ་དཔེ་ཚོགས་)ཀྱིས་འགྲན་རྩོམ་མཉམ་ཞུགས་ཀྱི་གོ་སྒྲིག་ཞུ་རྒྱུ་ཡིན། གནའ་དེང་གི་རྩོམ་ཐབས་ཅི་ལྟར་སྤྱད་ཀྱང་ཆོག་མོད་བརྩམས་ཆོས་སྙན་ངག་ངེས་པར་ཡིན་དགོས། ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ། རིམ་བཞིན་ཧིན་སྒོར་ཆིག་ཁྲི་དང་། བདུན་སྟོང་། ལྔ་སྟོང་། དཔང་ཡིག་རེ་བཅས་གཟེངས་བསྟོད་དུ་དབུལ་རྒྱུ་དང་། ཨང་རིམ་བཞི་པ་ནས་གདང་ལ་རི་བོ་དུས་དེབ་ཏུ་འཁོད་པ་རྣམས་ལ་རྩོམ་ཡོན་དབུལ་རྒྱུ་ཡིན།
རྩོམ་ཡིག་རྣམས་ཕྱི་ཟླ་ ༩ ཚུན་ལ་ང་ཚོར་གཤམ་གྱི་འབྲེལ་ལམ་བརྒྱུད་ནས་བསྐུར་རོགས། ཕྱི་ཟླ་༡༢ ནང་ལ་འགྲན་ཞུགས་པ་རྣམས་ཀྱི་གྲུབ་འབྲས་གདང་ལ་རི་བོ་དཔེ་ཚོགས་དབུ་བརྙེས་ནས་བགྲང་བྱ་ལྔ་འཁོར་བའི་དུས་དྲན་མཛད་སྒོར་བསྟུན་གསལ་བསྒྲགས་ཞུ་རྒྱུ་ཡིན།

ཐུགས་སྣང་།

1 ཚིགས་བཅད་རིགས་ཡིན་ཚེ། ཤོ་ལོ་ཀ་ཉི་ཤུ་ལས་མི་མང་བ།
2 སྔར་དྲ་ཐོག་དང་དུས་དེབ་ཏུ་བཀོད་ཟིན་པ་འགོད་རྒྱུ་མིན།
རྩོམ་བསྐུར་ཡུལ།
འཛུམ། Zumshor
ལམ་བཟང་པོ། Zhashi6392
འབྲོང་ངུར་ཕོ་ཉ། drong777888   ཡང་ན་ཡིག་ཟམ། danglariwo@gmail.com
གདང་ལ་རི་བོ་དཔེ་ཚོགས་ནས་ཕྱི་ལོ་2018 ཕྱི་ཟླ་ 4 ཚེས་ 1 ལ།