ཁ་ཆེའི་བུད་མེད་རང་ལོ་45ཡན་སྐྱེས་པ་རོགས་པ་མེད་པར་གནས་མཇལ་སྐྱོད་ཆོག

0
1210
ཁ་ཆེའི་གནས་ཆེན་གྲགས་ཅན་མེག་ཁ། གནས་ཆེན་དེར་གནས་མཇལ་དུ་སྐྱོད་རྒྱུ་ནི་དབྱི་སི་ལམ་གྱི་ཆོས་པ་རབ་ཅིག་གི་མེ་ཆེའི་ནང་གི་དོན་ཆེན་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད།#The Ka'bah, also referred as al-ka`bah al-musharrafah, is a building at the center of Islam's most sacred mosque, that is Al-Masjid Al-Ḥarām, in Mecca, Hejaz, Saudi Arabia. It is the most sacred site in Islam.

སའོ་རྡི་ཨ་རབ། མེག་ཁ། སྤྱི་ལོ་2017ཟླ་11ཚེས་4ཉིན། ད་ལྟ་རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)སོགས་ཀྱིས་གནས་ཚུལ་སྤེལ་གསལ། དབུས་དབྱི་སི་ལམ་གནས་མཇལ་ལྷན་ཚོགས་(Central Hajj Committee)ཀྱིས་ཐག་གཅོད་བྱུང་གསལ་ལྟར། ད་ནས་བཟུང་ཁ་ཆེའི་བུད་མེད་རང་ལོ་45ཡན་ཡིན་ཚེ་སའོ་རྡི་ཨ་རབ་བྷི་ཡའི་གནས་ཆེན་མེག་ཁར་(Mecca)སྐྱེས་པ་རོགས་པ་མེད་པར་གནས་མཇལ་དུ་སྐྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག  སྤྱིར་དབྱི་སི་ལམ་གྱི་ཆོས་ཁྲིམས་སུ་མཱ་ཧ་རམ་(mahram)ཞེས་བུད་མེད་སུ་ཞིག་ཡིན་རུང་སྐྱེས་པ་རོགས་པ་མེད་པར་འགྲུལ་བཞུད་བྱེད་ཆོག་གི་མེད་པར་བརྗོད།

དབྱི་སི་ལམ་ཆོས་ལུགས་ཀྱི་ཀ་བ་ལྔ་ནི། 1.སྟོན་པར་དད་པ་གཡོ་བ་མེད་པ། 2.དུས་སུ་སྟོན་པར་གསོལ་བ་སྨོན་ལམ་འདེབས་པ། 3.སྨྱུང་གནས་སུ་འདུག་པ། 4.དགེ་རྩའི་ཆེད་སྦྱིན་པ་རྒྱ་ཆེར་གཏོང་བ། 5.སའོ་རྡི་ཨ་རབ་གྱི་གནས་ཆེན་མེག་ཁར་གནས་མཇལ་དུ་སྐྱོད་དགོས་པ། #Pillars of Islam 1.Shahada: Faith. 2.Salat: Prayer. 3.Zakāt: Charity. 4.Sawm: Fasting. 5.Hajj: Pilgrimage to Mecca.

ད་ལན་གྱི་ཐག་ཆོད་དེའི་ཐད་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་དུ་མ་ཞིག་གིས་དགའ་བསུ་ཞུས་ཤིང་། ད་ལྟའི་ཆར་ཁ་ཆེའི་བུད་མེད་རང་ལོ་45ཡན་སོན་པ་རྣམས་ཀྱིས་རང་དབང་ངང་རྒྱལ་སྤྱིར་སྐོར་སྐྱོད་བྱེད་ཆོག་གི་ཡོད་པ་རེད་ཅེས་བརྗོད་འདུག དེ་བཞིན་སྐབས་དོན་དབྱི་སི་ལམ་གྱི་ཆོས་ཁྲིམས་དེ་ཉིད་ལ་བཅོས་སྒྱུར་གཏོང་མཁན་ནི་དབུས་དབྱི་སི་ལམ་གནས་མཇལ་ལྷན་ཚོགས་ཡིན་པ་དང། ཟླ་འདིའི་ཚེས་2ཉིན་ཡུལ་གྲུ་ཁག་སོ་སོའི་རྒྱལ་ཁབ་ཀྱི་གནས་མཇལ་ཚོགས་པའི་གཙོ་འཛིན་རྣམས་དང་། རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་མུག་ཏྭར་ཨ་བྷ་སི་(Mukhtar Abbas Naqvi)གཙོ་བཞུགས་ཐོག་ཐག་ཆོད་བྱུང་བ་ཞིག་ཡིན་སྐོར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།