ཀྲམ་ཧྥི་རྒྱ་ནག་ལ་འཚམ་གཟིགས་དང་། རྒྱ་ནག་གི་སྐབས་དོན་རེ་བ།

0
1137
འདས་པའི་སྤྱི་ཟླ་6ནང་འཇར་མ་ནིར་ཚོགས་པའི་G-20ཚོགས་ཆེན་སྐབས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཟུར་དུ་ཐུག་འཕྲད་བྱེད་སྐབས།#n this Saturday, July 8, 2017, file photo, U.S. President Donald Trump, left, and Chinese President Xi Jinping arrive for a meeting on the sidelines of the G-20 Summit in Hamburg, Germany.

རྒྱ་ནག པེ་ཅིང་། སྤྱི་ལོ་2017ཟླ་11ཚེས་2ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(Economic Times)ལ་སོགས་པའི་ཐོག་གནས་ཚུལ་སྤེལ་གསལ། བདུན་ཕྲག་རྗེས་མར་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་རྒྱ་ནག་ལ་འཚམ་གཟིགས་སུ་འབྱོར་གྱི་ཡོད་པ་དང་། སྐབས་དོན་གནས་ཚུལ་དེ་དང་འབྲེལ་ཡོད་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་དེ་རིང་གསར་འགོད་པར་འགྲེལ་བརྗོད་བྱས་དོན།“ཨ་རིའི་སྲིད་འཛིན་ཀྲམ་ཧྥི་རྒྱ་ནག་ལ་འཚམ་གཟིགས་སུ་ཡོང་བ་དང་ཆབས་ཅིག་ངེད་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་འགྲོ་རྒྱུའི་རེ་བ་ཡོད།”ཅེས་བརྗོད་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དང་ཨ་རིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་སྐུ་ཞབས་ལུའུ་ཁང་(Lu Kang|陆慷)གིས་བརྗོད་དོན།ཨ་རིའི་སྲིད་འཛིན་ཀྲམ་ཧྥི་མཆོག་སྲིད་འཛིན་ཞི་ཅིན་ཕིན་གྱི་མགྲོན་འབོད་འོག་ཟླ་འདིའི་ཚེས་8-10བར་རྒྱ་ནག་ཏུ་འཚམ་གཟིགས་སུ་ཕེབས་ཀྱི་རེད། ངེད་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་ད་ལན་ཡུལ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་གནད་དོན་དང་། རྒྱལ་སྤྱིའི་འབྲེལ་ལམ། དེ་བཞིན་འཛམ་གླིང་ས་གནས་ཁག་གི་དཀའ་རྙོག་གནས་ཚུལ་སོགས་ཀྱི་ཐད་ལ་བསམ་བློ་བརྗེ་རེས་གཏིང་ཟབ་གནང་འཆར་ཡོད་པ་རེད།ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དང་ཨ་རིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་སྐུ་ཞབས་ལུའུ་ཁང་།#The two heads of the state will exchange in-depth views on China-US relations and major global and regional issues of common concern, Lu said.

དེ་བཞིན་ཁོང་གིས་མུ་མཐུད་བརྗོད་དོན།“ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ད་ལན་རྒྱ་ནག་ལ་ཕེབས་འཆར་འདིས། ངེད་ཨ་རྒྱ་གཉིས་ཀྱི་འབྱུང་འགྱུར་མཉམ་ལས་ལ་གསོན་ཤུགས་གསར་པ་སྦྱིན་པར་ངེས་ཤིང་། རྒྱ་ནག་གིས་དུས་རྟག་ཏུ་ཨ་རི་དང་ལྷན་མཉམ་ལས་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ངང་གནས་བཞིན་ཡོད།”ཅེས་བརྗོད།

དེ་བཞིན་ད་ལན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་སྐབས་བྱང་ཀོ་རི་ཡའི་གནད་དོན་ཐད་གྲོས་བསྡུར་བྱ་འཆར་འདུག་ཅིང་། དམིགས་བསལ་བྱང་ཀོ་རི་ཡའི་རྒྱང་སྐྱོད་རྡུལ་མཚོན་འཕུར་མདའ་བཟོ་སྐྲུན་ཐད་གྲོས་བསྡུར་བྱ་འཆར་ཡོད་སྐོར་གླེང་བཞིན་འདུག དེ་བཞིན་ད་ལྟའི་ཆར་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཆབ་སྲིད་དང་དཔལ་འབྱོར་དཔྱད་བརྗོད་པ་དག་གིས་བརྗོད་གསལ་ལྟར་ན། ད་ལན་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡི་རྒྱ་ནག་གི་ཕྱོགས་སྐྱོད་ཐོག་མ་དེ་ཉིད་བརྒྱུད་ད་ལྟ་ཨ་རིས་རྒྱ་ནག་ལ་འཛིན་བཞིན་པའི་སྲིད་བྱུས་ཁྱོན་ཡོངས་ལ་འགྱུར་བ་འགྲོ་ངེས་ཡིན་སྐོར་གླེང་བཞིན་འདུག དེ་མཚུངས་འདས་པའི་སྤྱི་ཟླ་6ནས་ཨ་རིས་རྒྱ་ནག་གི་ཐོག་ལ་འཛིན་པའི་དཔལ་འབྱོར་འབྲེལ་ཡོད་སྲིད་བྱུས་དུ་མ་ཞིག་ལ་བསྐྱར་ཞིབ་བྱེད་འགོ་ཚུགས་ཡོད་པ་རེད་འདུག

ཨ་རིའི་སྲིད་འཛིན་ཀྲམ་ཧྥིར་རྒྱ་ནག་ལ་བསྐྱོད་རྒྱུ་དང་འབྲེལ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གནད་དོན་ཐད་གསར་འགོད་པས་དྲིས་པར། ཁོང་གིས་བརྗོད་རྒྱུར་ཡུལ་གཉིས་ཀྱི་ཚོང་འབྲེལ་ཁྱོན་འབོར་ཧ་ཅང་ཆེ་དྲགས་ནས་ཐོག་ཁ་ནས་ཕྱིར་ལུད་ཀྱི་ཡོད། ང་རང་རྒྱ་ནག་ལ་མ་བསླེབ་བར་དུ་སུ་ལའང་མི་བདེ་བ་བཟོ་འཆར་མེད། འོན་ཀྱང་དེ་ནི་འཇིགས་སུ་རུང་བ་ཞིག་རེད་ཅེས་བརྗོད་འདུག#And I don’t want to embarrass anybody four days before I land in China, but it’s horrible.” U.S. Pres. Donald Trump, speaking on Nov. 1, 2017

ཨ་རིའི་སྲིད་འཛིན་ཀྲམ་ཧྥིར་མཚོན་ན་སྔ་ལོ་སྲིད་འཛིན་འོས་ལངས་སྐབས་སུ་རྒྱ་ནག་གི་གནད་དོན་ཐད་ཧ་ཅང་ནན་པོས་མནའ་སྐྱེལ་ཁས་ལེན་བྱས་དོན།“གལ་སྲིད་ང་རང་སྲིད་འཛིན་ལ་འོས་ཐོན་འབྱུང་ཚེ་ངས་རྒྱ་ནག་ལ་དངུལ་འཛའི་ཐད་གཡོ་ཇུས་གཤོམ་མཁན་གྱི་མིང་སྤྲོད་རྒྱུ་ཡིན། དེ་ནི་རྒྱ་ནག་གིས་རང་ཉིད་ཀྱི་ཕྱི་ཚོང་འགྲན་རྩོད་གོང་འཕེལ་གཏོང་རྒྱུའི་ཆེད་དུ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བསམ་བཞིན་དུ་གཅོག་བཞིན་ཡོད།”ཅེས་བརྗོད་ཡོད། འོན་ཀྱང་། ད་ལྟའི་ཆར་ཀྲུང་གོ་མི་དམངས་དངུལ་ཁང་གི་ངོས་ནས་བདུན་རྗེས་མར་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡི་འཚམ་གཟིགས་སུ་ཡོང་གི་ཡོད་མོད། མི་དམངས་ཤོག་སྒོར་གྱི་འཛའ་ཐང་རང་འཇགས་སུ་འཇོག་མུས་ཡིན་སྐོར་གླེང་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།